ཞའོ་མཱིའི་གསང་དོན་སྲིད་ཇུས།

ང་ཚོའི་གསང་དོན་སྲིད་ཇུས་ནི་2019ལོའི་ཟླ་9པའི་ཚེས་4ཉིན་གསར་བསྒྱུར་བྱས་ཟིན།

སྐུ་ཉིད་ཀྱིས་དུས་ཚོད་ཉུང་ཙམ་བེད་སྤྱད་དེ་ང་ཚོའི་གསང་དོན་སྲིད་ཇུས་སྐོར་རྒྱུས་ལོན་ཞིག་གནང་རོགས། གལ་སྲིད་ཁྱེད་ལ་གནད་དོན་ཅི་འདྲ་ཡོད་རུང་། ང་ཚོས་དང་འབྲེལ་བ་གནང་རོགས་ཞུ།

ང་ཚོའི་སྐོར་ལ།

ཞའོ་མཱི་སིང་ཀ་ཕོར་མི་སྒེར་ཚད་ཡོད་ཀུང་སི།[Xiaomi Singapore Pte. Ltd.]དང་ཞའོ་མཱི་ཧོ་ལན་ཀུང་སི[Xiaomi Technology Netherlands B.V.] དེ་མིན་ཞའོ་མཱི་ཚོགས་པའི་མངའ་འོག་གི་འབྲེལ་ཡོད་ཀུང་སིས་ (འོག་ཏུ་“ཞའོ་མཱི”སམ་“ང་ཚོ།”ཞེས་བསྡུས་འབྲི་བྱས་ཡོད།)སྐུ་ཉིད་ཀྱི་གསང་དོན་ལ་བརྩི་མཐོང་ཆེན་པོ་བྱེད་ངེས། གསང་དོན་སྲིད་ཇུས་འདི་གཏན་འབེབས་བྱེད་སྐབས་ཁྱེད་ཀྱི་དགོས་མཁོ་ལ་བསམ་གཞིགས་གང་ལེགས་བྱས་ཡོད། དེ་ཡང་སྐུ་ཉིད་ཀྱིས་ང་ཚོའི་མི་སྒེར་གྱི་ཆ་འཕྲིན་འཚོལ་བསྡུ་དང་བཀོལ་སྤྱོད་བྱེད་སྲོལ་ཐད་ནས་ཕྱོགས་ཡོངས་རྒྱུས་ལོན་བྱེད་ཐུབ་ཅིང་། དུས་མཚུངས་སུ་ཁྱེད་ཀྱིས་ཞའོ་མཱི་ལ་མཁོ་འདོན་བྱས་པའི་མི་སྒེར་གྱི་ཆ་འཕྲིན་དེ་མཐའ་མཇུག་རང་ཉིད་ཀྱིས་ཚོད་འཛིན་ཁག་ཐེག་བྱེད་ཐུབ་ཅིང་། དེ་ནི་ཆེས་གལ་འགངས་ཆེ་ཤོས་དེའོ། །

གསང་དོན་སྲིད་ཇུས་འདིའི་སྐོར་ལ།

ཞའོ་མཱི་ཡི་ཆེད་དམིགས་ཐོན་རྫས་སམ་ཡང་ན་སྒེར་ཚུགས་ཀྱི་གསང་དོན་སྲིད་ཇུས་ཞབས་ཞུ་མཁོ་འདོན་བྱེད་པ་ཕུད། འདིར་བསྟན་གྱི་གསང་དོན་སྲིད་ཇུས་ཞེས་པ་དེ་ཉིད་ཞའོ་མཱི་ཡི་སྒྲིག་ཆས་དང་དྲ་ཚིགས། བཀོལ་སྤྱོད་གོ་རིམ་བཅས་ཀྱི་ནང་འཇུག་བེད་སྤྱོད་དང་འབྲེལ་མཐུད་བྱེད་པའི་གནས་གང་ལའང་བཀོལ་སྤྱོད་བྱས་ཆོག སྒེར་གྱི་གསང་དོན་སྲིད་ཇུས་འདིས་ཞའོ་མཱི་ཡི་བསྡུ་ལེན་ཐབས་དང་བེད་སྤྱོད་བྱེད་ཐབས། སྲུང་སྐྱོབ་བྱེད་ཚུལ་སོགས་ཇི་ལྟར་མཁོ་བ་དེ་ལྟར་གསལ་བཤད་བྱས་ཡོད་པས། སྐུ་ཉིད་ལ་དེ་འབྲེལ་གྱི་ཤེས་བྱ་མཁོ་ཚེ། ང་ཚོའི་དྲ་ཚིགས(www.mi.comདང en.miui.comདངaccount.xiaomi.com)བཅས་བརྒྱུད་ནས་གནས་ཚུལ་རྒྱུས་ལོན་བྱེད་རོགས། དེ་བཞིན་སྐུ་ཉིད་ཀྱིས་ང་ཚོའི་འགུལ་བདེའི་སྒྲིག་ཆས་སུ་བཏོན་པའི་ཉེར་སྤྱོད་གོ་རིམ་གྱི་ཐོན་རྫས་སྤྱོད་པའམ་ཡང་ན་དེར་འཇུག་སྐབས། ང་ཚོས་བསྡུ་ཉར་བྱེད་བཞིན་པའི་ཆ་འཕྲིན་མཁོ་འདོན་ཞུ་རོགས། གལ་ཏེ་ཞའོ་མཱི་ཡི་ཐོན་རྫས་ག་གེ་མོར་སྒེར་གྱི་གསང་དོན་སྲིད་ཇུས་ཡོད་ཚེ། དེར་དམིགས་སུ་སྒེར་གྱི་གསང་དོན་སྲིད་ཇུས་སྔོན་ལ་སྤྱོད་པའི་ཁྱད་དབང་ཡོད། ཐོན་རྫས་དེའི་སྒེར་གྱི་གསང་དོན་སྲིད་ཇུས་ཚུད་མེད་པའི་ཆ་ཤས་རྣམས་ནི་འདིར་བརྗོད་ཀྱི་སྒེར་གྱི་གསང་དོན་སྲིད་ཇུས་ཀྱི་ནང་དོན་ཚད་གཞིར་འཛིན་དགོས། དེ་དང་ཆབས་ཅིག་ད་དུང་ཁྱོད་ཀྱིས་སྤྱོད་བཞིན་པའི་སྒྲིག་ཆས་ཀྱི་བཟོ་དབྱིབས་དང་ཞབས་ཞུའི་པར་གཞི། གནས་ཡུལ་སོགས་ཀྱི་རྒྱུ་རྐྱེན་ལའང་རག་ལས་ཡོད། དམིགས་བསལ་ཐོན་རྫས་སོགས་བཀོལ་བའི་སྐབས་ཁྱེད་ཀྱི་མི་སྒེར་ཆ་འཕྲིན་ཇི་ལྟར་བསྡུ་ལེན་དང་ཐག་གཅོད་བྱེད་སྟངས་ཅུང་མི་འདྲ་བས། སྐུ་ཉིད་ཀྱིས་སྒེར་གྱི་གསང་དོན་སྲིད་ཇུས་འདིའི་ཞིབ་ཕྲའི་གནས་ཚུལ་དག་ལ་རེ་རེར་གཟིགས་པར་ཞུ།

ཁྱེད་རང་གནས་སའི་ས་ཁུལ་གྱི་བཅའ་ཁྲིམས་སུ་དམིགས་བསལ་གྱི་གཏན་འབེབས་གཞན་མེད་ཚེ། འདིར་བརྗོད་ཀྱི་སྒེར་གྱི་གསང་དོན་སྲིད་ཇུས་འོག་གི་“སྒེར་གྱི་ཆ་འཕྲིན”ཞེས་པ་སྟེ། ཆ་འཕྲིན་དེ་ཉིད་བརྒྱུད་པའམ་ཡང་ན་ཆ་འཕྲིན་དེ་ཉིད་དང་འབྲེལ་བའི་ཆ་འཕྲིན་གཞན་བརྒྱུད་རྗེས་མི་སྒེར་གྱི་གནས་ཚུལ་དང་གཞི་གྲངས་རྣམས་དམིགས་སུ་ངོས་འཛིན་ཐུབ་པ་ཞིག་ལ་ཟེར། ང་ཚོས་ཆ་འཕྲིན་འདི་དག་ནན་ཏར་གྱིས་གསང་བའི་སྲིད་ཇུས་སྟེང་ནས་བཀོལ་སྤྱོད་བྱེད་ངེས།

ང་ཚོས་ཅི་ལྟར་ཁྱེད་ལ་རོགས་རམ་མཁོ་འདོན་བྱ།

མཇུག་མཐར། ང་ཚོས་འཛད་སྤྱོད་པར་མྱོང་ཚོར་ཡག་པོ་ཤིག་ཡོང་བའི་རེ་བ་བྱེད་ཀྱིན་ཡོད། གལ་ཏེ་ཁྱོད་ལ་སྒེར་གྱི་གསང་དོན་སྲིད་ཇུས་ཁྲོད་དུ་མངོན་པའི་གཞི་གྲངས་ཐག་གཅོད་བྱེད་ཐབས་ལ་དོགས་གཞི་ཅི་ཞིག་ཡོད་ན། འདིར་བཀོད་ཀྱི་privacy@xiaomi.comའབྲེལ་ལམ་བརྒྱུད་ནས་ང་ཚོར་དོགས་འདྲི་བྱས་ཆོག་ཅིང་། ང་ཚོས་སྐུ་ཉིད་ཀྱི་རེ་འདོད་ཅི་ནུས་ཀྱིས་འགྲུབ་པར་བྱེད་ངེས། གལ་ཏེ་ཁྱེད་ཀྱི་གསང་བ་དང་གཞི་གྲངས་བཀོལ་སྤྱོད་ཀྱི་གནད་དོན་ལ་ཡིད་ཚིམ་པའི་ཐག་གཅོད་ཅིག་མ་བྱུང་ཚེ། ང་ཚོའི་ཕྱོགས་གསུམ་པའི་རྩོད་གཞི་ཐག་གཅོད་ལས་ཁུངས་ཀྱི་མི་སྣར་(རིན་པ་མི་དགོས)འབྲེལ་བ་གནང་རོགས། གཤམ་ནི་ཁྱེད་ཀྱིས་འབྲེལ་བ་གནང་སའི་དྲ་ཚིགས་ཡིན་ནོ།། https://feedback-form.truste.com/watchdog/request

TRUSTe

1 ང་ཚོས་ཆ་འཕྲིན་གང་དག་འཚོལ་སྡུད་བྱེད་པ་དང་ཅི་ལྟར་བེད་སྤྱོད་བྱ།

ང་ཚོས་ཆ་འཕྲིན་གང་དག་འཚོལ་སྡུད་བྱེད་པ།

ཁྱེད་ལ་འོས་ཤིང་ལེགས་པའི་ཞབས་ཞུ་མཁོ་འདོན་བྱེད་ཆེད། ཁྱེད་ཀྱི་ཞིབ་ཕྲའི་ཆ་འཕྲིན་གང་མང་ཞིག་ང་ཚོར་མཁོ་འདོན་བྱེད་དགོས་ཤིང་། དེའི་ཁྲིམས་མཐུན་རང་བཞིན་དང་དམིགས་བསལ་གནས་ཚུལ། ཁ་གསལ་ཡིན་མིན་སོགས་ལ་ངེས་ཆ་ཡོད་དགོས། འོན་ཀྱང་། ཁྱེད་ཀྱི་ཆ་འཕྲིན་གང་ལའང་འཕྲི་སྣོན་དང་བཟོ་བཅོས་གང་ཡང་རྒྱག་མི་སྲིད། གཅིག་ཏུ་ན་ཁྱེད་ལའང་ང་ཚོའི་རེ་ཞུའི་ཆ་འཕྲིན་དག་འདོན་སྤྲོད་མི་བྱེད་པའི་དབང་ཆ་ཡོད་ངེས། འོན་ཀྱང་སྤྱིར་བཏང་དུ་གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་དག་འདོན་སྤྲོད་མ་བྱས་ཚེ། ང་ཚོས་ཀྱང་ཁྱེད་ལ་དེ་བས་ལྷག་པའི་ཞབས་ཞུ་འདོན་སྤྲོད་བྱེད་དཀའ་ཞིང་ཁྱེད་ཀྱི་གནད་དོན་གང་མང་ཞིག་ཀྱང་དུས་ཐོག་ཏུ་སེལ་ཐབས་བྲལ།

ཁྱེད་ཀྱིས་བདམས་པའི་ཞབས་ཞུའི་དགོས་མཁོ་ལྟར། ང་ཚོས་གཤམ་གསལ་ཆ་འཕྲིན་ཁྲོད་ཀྱི་རིགས་གཅིག་གམ་རིགས་འགའ་བསྡུ་ལེན་བྱེད་སྲིད་དེ།

1.1.1 ཁྱེད་ཀྱིས་ང་ཚོར་རང་འགུལ་ངང་སྒེར་གྱི་ཆ་འཕྲིན་མཁོ་འདོན་བྱེད་པ།

ང་ཚོས་ཁྱེད་ཀྱིས་བདམས་པའི་ཞབས་ཞུ་ལ་གཞིགས་ཏེ། དེ་འབྲེལ་གྱི་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་བྱེད་ངེས། དཔེར་ན། གལ་ཏེ་ཁྱེད་ཀྱིས་ཞའོ་མཱི་ཡི་དྲ་ཐོག་ཉོ་སྒྲུབ་ཀྱི་ཞབས་ཞུ་བེད་སྤྱད་ཚེ་། རང་གི་རུས་མིང་དང་འབྲེལ་གཏུག་བྱེད་སྟངས། གློག་རྡུལ་ཡིག་སྒམ་གྱི་ས་གནས། ཟོག་སྐྱེལ་ས་གནས། མངགས་ཐོའི་ཆ་འཕྲིན། འཛིན་ཤོག་གི་ཆ་འཕྲིན། དེ་མིན་དངུལ་ཁང་གི་རྩིས་ཐོའི་ཨང་གྲངསདང་དངུལ་ཁང་གི་རྩིས་ཐོ་འཛིན་མཁན་གྱི་རུས་མིང་། ཡིད་རྟོན་བྱང་བུའི་ཨང་གྲངསསོགས་འབྲེལ་ཡོད་ཆ་འཕྲིན་འདོན་སྤྲོད་བྱེད་དགོས། གལ་ཏེ་ཁྱེད་ཀྱིས་ཞའོ་མཱི་སྤྲིན་གྲབས་ཉར་ཞབས་ཞུ་འདེམས་ཚེ། ཞའོ་མཱི་སྤྲིན་གོམ་མཉམ་དང་འབྲེལ་ཡོད་དཔྱད་ཡིག་ཡར་བསྐུར་བྱེད་སྲིད། གལ་ཏེ་ཁྱེད་ཀྱིས་རྩིས་ཨང་བཟོས་ཚེ། རང་གི་སྐྱེས་སྐར་དང་རྩིས་ཐོའི་ཨང་གྲངས། ཕོ་མོ། རྩིས་ཨང་གི་བདེ་འཇགས་སྒྲིག་བཀོད་སོགས་འབྲེལ་ཡོད་ཆ་འཕྲིན་མཁོ་འདོན་བྱེད་དགོས། གལ་ཏེ་ཁྱེད་ཀྱིས་ཞའོ་མཱི་ཡི་སྡེ་ཁུལ་སོགས་སྤྱི་ཚོགས་འབྲེལ་བའི་ཞབས་ཞུ་རིགས་བེད་སྤྱོད་བྱས་ཚེ། རང་གི་སྤྱི་ཚོགས་འབྲེལ་བའི་ཐད་ཀྱི་ཆ་འཕྲིན་དག་མཁོ་འདོན་བྱེད་དགོས། དཔེར་ན། ཁྱེད་ཀྱིས་རང་འགུལ་ངང་མཁོ་འདོན་བྱས་པའི་ལས་རིགས་དང་སློབ་གསོའི་རྒྱབ་ལྗོངས་སོགས་ཀྱི་ཆ་འཕྲིན་སྐོར་རོ། །

1.1.2 ང་ཚོས་ཁྱེད་ཀྱིས་ཞབས་ཞུ་བེད་སྤྱོད་བྱེད་པའི་གོ་རིམ་ཁྲོད་བསྡུ་ངེས་པའི་ཆ་འཕྲིན་སྐོར།

  • ཁྱེད་ཀྱི་སྒྲིག་ཆས་སམ་ཡང་ན་SIMབྱང་བུའི་འབྲེལ་ཡོད་ཆ་འཕྲིན། དཔེར་ན། IMEIཨང་གྲངས། GAIDཨང་གྲངས། MACས་གནས་དང་སྒྲིག་རིམ། MIUIཔར་གཞི་དང་དེའི་རིགས། ROMཔར་གཞི། Andriodཔར་གཞི། Andriod ID、Space ID、SIMབྱང་བུའི་ཚོང་གཉེར་དང་གཏོགས་ཁུངས། བརྙན་ཡོལ་ས་འཕྲིན། སྒྲིག་ཆས་ནང་འཇུག་དང་སྒྲིག་ཆས་བཀོད་སྤྱོད་དུས་ཚོད། བཟོ་སྐྲུན་ཁང་གི་ཆ་འཕྲིན་དང་དྲ་བའི་ཚོང་གཉེར། རྒྱུད་མཐུད་རིགས་དང་ཉན་ཆས་འོས་སྒྲིག་ཆ་འཕྲིན་སོགས་འབྲེལ་ཡོད་བེད་སྤྱོད་ཆ་འཕྲིན་འདུས་ཡོད། (དཔེར་ན། CPUདང་ནང་གསོག་བྱང་བུ། གློག་ཚད་བེད་སྤྱོད་བྱས་ཚུལ། སྒྲིག་ཆས་དབྱེ་འབྱེད་ཚད། སྒྲིག་ཆས་ཀྱི་དྲོད་ཚད། པར་ཆས་པར་མིག་གི་བཟོ་རྟགས )
  • ཁྱེད་དང་འབྲེལ་ཡོད་ཀྱི་ཕྱོགས་གསུམ་པའི་ཞབས་ཞུ་ཚོང་གཉེར་མཁོ་འདོན་མཁན་དང་ལས་སྒྲུབ་མཉམ་ལས་རོགས་ཟླས་དམིགས་འཛུགས་བྱས་པའི་ཆ་འཕྲིན་སྐོར། ང་ཚོས་དཔེར་ན་ཕྱོགས་གསུམ་པའི་ཞབས་ཞུ་འདོན་སྤྲོད་བྱེད་མཁན་དང་ལས་སྒྲུབ་མཉམ་ལས་རོགས་ཟླས་བགོ་བཤའ་བརྒྱབ་པའི་བརྡ་ཁྱབ་IDབསྡུ་ལེན་དང་བེད་སྤྱོད་གཏོང་སྲིད།
  • ཁྱེད་ཀྱི་ཉེར་སྤྱོད་བེད་སྤྱོད་དང་འབྲེལ་བའི་ཆ་འཕྲིན་སྟེ། དཔེར་ན་ཉེར་སྤྱོད་རྨང་གཞིའི་ཆ་འཕྲིན་ཚུད་པའི་ཉེར་སྤྱོད་རེའུ་མིག་དང་IDཆ་འཕྲིན། SDKཔར་གཞི། རྒྱུད་ཁོངས་གསར་སྒྱུར་སྒྲིག་འགོད། ཉེར་སྤྱོད་སྒྲིག་འགོད། (ས་ཁུལ། སྐད་བརྡ། དུས་ཁུལ། ཡིག་གཟུགས)དེ་བཞིན་ཉེར་སྤྱོད་རྣམ་པའི་ཟིན་ཐོ།(དཔེར་ན་ཕབ་ལེན་དང་སྒྲིག་སྦྱོར། གསར་བསྒྱུར། སུབ་པ་སོགས)
  • ཁྱེད་ཀྱིས་ཞབས་ཞུ་བེད་སྤྱོད་གནང་སྐབས་གྲུབ་ཟིན་གྱི་ཆ་འཕྲིན་སྟེ། དཔེར་ན། གླེང་སྟེགས་ཞབས་ཞུའི་ཁྲོད་ཁྱེད་ཀྱི་བྱས་རྗེས་གཟེངས་རྟགས་དང་སྤྱོད་མཁན་གྱི་རིམ་པ། འབྱོར་ཐོ། ཆ་འཕྲིན་ལ་ལྟ་ཞིབ་བཅས་དང་། ཁྱེད་ཀྱིས་གླེང་སྟེགས་ཞབས་ཞུ་བེད་སྤྱོད་བྱེད་སྐབས་ཀྱི་ས་ཚུགས་ནང་གི་འཕྲིན་ཡིག(བསྐུར་བ་དང་འབྱོར་བ་གཉིས་ཆ་མཐོང་ཐུབ།)ཁྱེད་ཀྱིས་འདེད་སྐྱེལ་ཞབས་ཞུར་རོལ་སྐབས་ཀྱི་འདེད་སྐྱེལ་མ་ཡིག ཁྱེད་ཀྱིས་བརྡ་ཁྱབ་ཞབས་ཞུ་སྤྱོད་སྐབས་ཀྱི་བྱ་སྤྱོད།(དཔེར་ན། གཟིགས་ཚད་དང་གྲགས་ཚད།)
  • སྡོད་གནས་ཆ་འཕྲིན།(དམིགས་བསལ་གྱི་ཞབས་ཞུ་དང་བྱེད་ནུས་ཁོ་ནར་མཐུན) གལ་སྲིད་ཁྱེད་ཀྱིས་སྡོད་གནས་དང་འབྲེལ་བའི་ཞབས་ཞུ་བེད་སྤྱོད་བྱས་ཚེ།(དཔེར་ན་བེད་སྤྱོད་མཛུབ་སྟོན་གྱི་མཉེན་ཆས་དང་། གནམ་གཤིས་ལྟ་བཤེར། ཁ་པར་འཚོལ་ཞིབ་སོགས) ང་ཚོས་ཁྱེད་ཀྱི་སྒྲིག་ཆས་ཀྱི་ཡང་དག་པའམ་རབ་རིབ་ཀྱི་གནས་ཡུལ་དང་འབྲེལ་བའི་ཆ་འཕྲིན་ཁག་ཅིག་བསྡུ་རུབ་བྱེད་སྲིད། དཔེར་ན། ས་ཁུལ། རྒྱལ་ཁབ་གྱི་ཚབ་ཨང་། གྲོང་ཁྱེར་གྱི་ཚབ་ཨང་། འགུལ་འཕྲིན་དྲ་བའི་ཨང་རྟགས། འགུལ་འཕྲིན་རྒྱལ་ཁབ་ཀྱི་ཨང་རྟགས། སྡེ་ཁུལ་གྱི་རྟགས། གཞུང་འཕྲེད་ཐིག་གི་ཆ་འཕྲིན། དུས་ཁུལ་སྒྲིག་འགོད་དང་སྐད་རིགས་སྒྲིག་འགོད། ཁྱེད་ཀྱིས་དུས་ངེས་མེད་དུ་ཁ་པར་གྱི་སྒྲིག་འགོད(སྒྲིག་འགོད-དབང་ཚད)ནས་ཉེར་སྤྱོད་ཚང་མའི་གནས་ཡུལ་གྱི་ཞབས་ཞུ་ཁ་རྒྱག་སྲིད།
  • ཉིན་ཐོ་ཐོ་འཇུག་གི་ཆ་འཕྲིན། ཁྱེད་ཀྱིས་བྱེད་ནུས་དང་། ཉེར་སྤྱོད། དྲ་ཚིགས་ཁག་གཅིག་བེད་སྤྱོད་དང་འབྲེལ་བའི་ཆ་འཕྲིན་སྟེ། དཔེར་ན། Cookieདང་དེ་མིན་གྱི་མིང་མེད་བཤེར་རྟགས་ལག་རྩལ། IPས་གནས། དྲ་གནས་རེ་ཞུའི་ཆ་འཕྲིན། སྐབས་འཕྲལ་ཆ་འཕྲིན་གྱི་ལོ་རྒྱུས། བརྒྱུད་ཁོངས་ཚད་ལྡན་གྱི་ཉིན་ཐོ། ནོར་འཁྲུལ་ཅན་གྱི་ཆ་འཕྲིན། ཞབས་ཞུས་ཐོན་པའི་ཉིན་ཐོའི་ཆ་འཕྲིན་བེད་སྤྱོད་དེ། ཐོ་འགོད་ཀྱི་དུས་ཚོད། འཚམས་འདྲིའི་དུས་ཚོད། བྱེད་སྒོའི་དུས་ཚོད་སོགས།
  • དེ་མིན་གྱི་ཆ་འཕྲིན། ཁོར་ཡུག་ཁྱད་ཆོས་ཀྱི་ཚད། (ECV) (ཞའོ་མཱིའི་ཐོ་འགོད་ཨང་གྲངས་དང་། སྒྲིག་ཆས་བཤེར་རྟགས། སྦྲེལ་མཐུད་བྱས་པའིWi-Fi ལས་བྱུང་བའི་ཆ་འཕྲིན་དང་ས་ཁམས་གནས་ཡུལ་གྱི་ཆ་འཕྲིན་སོགས)

1.1.3 ཕྱོགས་གསུམ་པ་ནས་བྱུང་བའི་ཆ་འཕྲིན།

བཅའ་ཁྲིམས་ཁ་ཤས་ཀྱི་ཆོག་མཆན་ཐོབ་པའི་གནས་ཚུལ་སྐབས། ང་ཚོས་ཕྱོགས་གསུམ་པ་ནས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཐོབ་ལེན་བྱེད་སྲིད། དཔེར་ན།

  • བདེ་འཇགས་སྲུང་སྐྱོབ་དང་མགོ་སྐོར་འགོག་ཆེད་དམིགས་བསལ་རྩིས་ཨང་དང་དངུལ་རྩའི་ཉོ་ཚོང་སོགས་ལ་ཞབས་ཞུ་བྱེད་པ། ཁྱེད་རང་མོས་འཐད་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཁྲིམས་མཐུན་གྱི་ཡོང་ཁུངས་བརྒྱུད་དེ་ཁྱེད་ཀྱི་ཆ་འཕྲིན་ལ་ཞིབ་དཔྱད་བྱེད་པ།(དཔེར་ན་ཁ་པར་ཨང་གྲངས་ལྟ་བུ)
  • ང་ཚོས་དམིགས་གསལ་གྱི་གསལ་འབྱེད་རྟགས་(དཔེར་ན། མཚམས་སྦྱོར་བརྡ་ཁྱབ་ཀྱི་བདག་པོའི་ས་ནས་ཐོབ་པའི་IEIཨང་གྲངས།)བརྒྱུད་དེ་ཁྱེད་ལ་དེ་དང་བསྟུན་པའི་མཚམས་སྦྱོར་བརྡ་ཁྱབ་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པ།
  • ང་ཚོས་ད་དུང་ཕྱོགས་གསུམ་པའི་སྤྱི་ཚོགས་འབྲེལ་བའི་དྲ་རྒྱའི་ཞབས་ཞུའི་ཁྲོད་ནས་ཆ་འཕྲིན་འགའ་རེ་བསྡུ་ལེན་བྱེད་ངེས་ཏེ། དཔེར་ན་ཐོ་ཁོངས་དང་གཅེས་མིང་ལྟ་བུ། (དཔེར་ན། ཁྱེད་ཀྱིས་སྤྱི་ཚོགས་འབྲེལ་བའི་དྲ་རྒྱའི་རྩིས་ཐོའི་ཐོག་ནས་ཞའོ་སྨི་ཡི་ཞབས་ཞུར་སྤྱོད་སྐབས། )
  • མི་གཞན་གྱིས་མཁོ་འདོན་བྱས་པའི་ཁྱེད་ཀྱི་ཆ་འཕྲིན་དང་འབྲེལ་བ་ཡོད་པ་སྟེ། དཔེར་ན་སྤྱོད་མཁན་གཞན་དག་གིས་ཞའོ་མཱི་ཚོང་གྲོང་བེད་སྤྱོད་བྱེད་སྐབས་བྲིས་པའི་ཁྱེད་རང་གི་དངོས་ཟོག་རྩིས་ལེན་ས་གནས།

1.1.4 མི་སྒེར་མ་ཡིན་པའི་ཆ་འཕྲིན།

ང་ཚོས་ད་དུང་ངོས་འཛིན་བྱེད་མི་ཐུབ་པའི་དམིགས་བསལ་མི་སྒེར་དང་ས་གནས་དེ་གར་སྤྱད་འཐུས་ཀྱི་བཅའ་ཁྲིམས་གཞིར་བཟུང་གི་མི་སྒེར་གྱི་ཆ་འཕྲིན་ཡང་བསྡུ་རུབ་བྱེད་སྲིད་དེ། དཔེར་ན། ཁྱེད་ཀྱིས་དམིགས་བསལ་གྱི་ཞབས་ཞུ་སྤྱོད་སྐབས་ཐོན་པའི་བསྡོམས་རྩིས་རིགས་ཀྱི་གྲངས་གཞི་སྟེ། མིང་མི་འགོད་པའི་སྒྲིག་ཆས་ཀྱི་འབྲེལ་ཡོད་ཆ་འཕྲིན་དང་ཉིན་མོའི་དོན་རྐྱེན། དྲ་ངོས་ལ་འཚམས་འདྲི་བྱེད་པའི་དོན་རྐྱེན། དྲ་ངོས་ལ་འཚམས་འདྲི་བྱེད་པའི་དུས་ཚོད་རིང་བའི་དོན་རྐྱེན། སྐད་ཆ་ཤོད་རེས་བྱས་པའི་དོན་རྐྱེན། དྲ་རྒྱའི་ལྟ་སྐུལ་ཚོད་འཛིན་གྱི་གྲངས་གཞི་སྟེ། དཔེར་ན། རེ་ཞུའི་དུས་ཚོད་རིང་བ་དང་རེ་ཞུ་དང་ནོར་འཁྲུལ་རེ་ཞུའི་གྲངས་སོགས་ལྟ་བུ། དེ་བཞིན་ཉེར་སྤྱོད་མེད་བརླག་ཏུ་སོང་བའི་དོན་རྐྱེན་བཅས་སོ། །ཆ་འཕྲིན་འདི་རིགས་བསྡུ་ལེན་བྱེད་པའི་དམིགས་ཡུལ་ནི་ང་ཚོས་ཁྱེད་ལ་མཁོ་འདོན་བྱས་པའི་ཞབས་ཞུ་ལེགས་སུ་གཏོང་རྒྱུ་དེ་ཡིན། བསྡུ་རུབ་བྱས་པའི་ཆ་འཕྲིན་གྱི་རིགས་དང་གྲངས་འབོར་ནི་ཁྱེད་ཀྱིས་ཇི་ལྟར་ང་ཚོའི་ཐོན་རྫས་སམ་ཡང་ན་/ཞབས་ཞུ་བེད་སྤྱོད་བྱེད་མིན་ལ་རག་ལས་ཡོད།

ང་ཚོས་སྒྲིག་ཆས་ཀྱི་གསལ་འབྱེད་རྟགས་འབའ་ཞིག་ཅན་དང་སྒྲིག་ཆས་ཀྱི་དབྱིབས་རྟགས། མ་ལག་གི་པར་གཞི་སོགས་ཁྱེད་ཀྱིས་ང་ཚོའི་དྲ་ཚིགས་དང་འགུལ་བསྐྱོད་ཉེར་སྤྱོད་ཀྱི་ནང་དུ་ཡོད་པའི་བྱེད་སྒོ་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་བསྡུ་རུབ་བྱེད་སྲིད། ང་ཚོས་ཆ་འཕྲིན་དེ་རིགས་ཕྱོགས་བསྡོམས་བྱས་སྟེ་རང་གི་ཞབས་ཞུའི་མགྲོན་པོར་དེ་བས་ལེགས་པའི་ཞབས་ཞུ་མཁོ་འདོན་བྱེད་པར་བརྩོན་ངེས། སྒེར་གྱི་གསང་དོན་སྲིད་ཇུས་ལ་མཚོན་ན། སྤྱི་བསྡོམས་གཞི་གྲངས་ནི་མི་སྒེར་གྱི་གསང་བའི་ཆ་འཕྲིན་ནི་མིན། གལ་ཏེ་ང་ཚོས་མི་སྒེར་མ་ཡིན་པའི་ཆ་འཕྲིན་དང་མི་སྒེར་གྱི་ཆ་འཕྲིན་ཟུང་འབྲེལ་གྱིས་བཀོལ་སྤྱོད་བྱས་སྐབས་ཆ་འཕྲིན་འདིའི་རིགས་མི་སྒེར་གྱི་ཆ་འཕྲིན་ལ་བརྩི་དགོས།

1.2 སྒེར་གྱི་ཆ་འཕྲིན་དེ་དག་ཕྱིན་ཆད་ཇི་ལྟར་བེད་སྤྱོད་ཀྱི་ཐད་ལ།

མི་སྒེར་གྱི་ཆ་འཕྲིན་བསྡུ་ལེན་བྱེད་པའི་དམིགས་ཡུལ་ནི་ཁྱེད་ལ་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དེ་ཡིན་པར་མ་ཟད། ང་ཚོར་འབྲེལ་ཡོད་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་ཚད་ལྡན་ཡིག་ཆ་གཞན་དག་ལའང་བརྩི་སྲུང་ནན་མོ་བྱེད་པའི་འོས་འགན་ཡོད། དེའི་ནང་དུ་ཚུད་པར།

  • ང་ཚོའི་ཐོན་རྫས་མཁོ་འདོན་དང་ཐག་གཅོད། སྲུང་སྐྱོང་། ལེགས་བཅོས། གསར་སྤེལ་བྱེད་པ་དང་ཡང་ན་ཁྱེད་ལ་ཞབས་ཞུ་མཁོ་འདོན་བྱེད་པ། དཔེར་ན་རྩིས་སྤྲོད། གྲུང་སྐུལ། ཚོད་ལྟ་ར་སྤྲོད། བཙོངས་རྗེས། ཚོང་པས་རྒྱབ་སྐྱོར་དང་བརྡ་ཁྱབ་དྲིལ་བསྒྲགས་བཅས།
  • བོར་བརླགས་དང་མགོ་གཡོག་མགོ་སྐོར་སོགས་འགོག་ཆེད་སྤྱོད་མཁན་གྱི་ཐོབ་ཐང་ལ་ཞིབ་བཤེར་དང་དབྱེ་འབྱེད་བྱེད་དགོས། ང་ཚོས་ཆ་རྐྱེན་གཉིས་ཁོ་ན་འཛོམས་པར་རེ་བ་བྱེད་དུས་ཀྱང་གཙོ་བོ་ཁྱེད་ཀྱི་གཞི་གྲངས་ལ་སྲུང་སྐྱོར་བྱེད་ཆེད་འབའ་ཞིག་ཡིན་ངེས། དེ་ལ་དེ་ལྟར་བྱེད་དགོས་པའི་དགོས་པའང་ཡོད་ངེས། རྒྱུ་མཚན་གྲངས་གཞི་དེ་ཉིད་ཞའོ་སྨི་ཡི་སྲུང་སྐྱོབ་མཁན་དང་ཞབས་ཞུ་མཁན་གྱི་ཁྲིམས་མཐུན་ཁེ་ཕན་ལ་ཐུག་ཡོད་པའི་རྐྱེན་གྱིས་སོ།།
  • ཁྱོད་ཀྱི་སྒྲིག་ཆས་དང་ཞབས་ཞུའི་སྐོར་ལ་འབྲེལ་བའི་རེ་བ་དང་དྲི་བ་ཐག་གཅོད་པ་སྟེ། དཔེར་ན་མཁོ་མཁན་གྱི་དོགས་འདྲི་སེལ་བ། བསྐུར་བྱའི་མ་ལག་དང་དེ་བཞིན་ཉེར་སྤྱོད་གོ་རིམ་སྐོར་གྱི་བརྡ་ཐོ་གཏོང་བ་དང་། ཁྱེད་ཀྱིས་ཞུགས་པའི་བྱ་དགའ་འདེམ་པའི་བྱེད་སྒོར་དོ་དམ་སོགས།
  • འབྲེལ་ཡོད་ཀྱི་ཕྱིར་འགྲེམ་བྱེད་སྒོ་སྤེལ་བ། དཔེར་ན་ཕྱིར་འགྲེམ་དང་འཚོང་འགྲེམ་གྱི་རྒྱུ་ཆ་དང་གསར་བསྒྱུར་མཁོ་འདོན་བྱེད་པ། སྤྱོད་མཐུས་ཀྱི་ཁྲིམས་ལུགས་ལ་གཏན་འབེབས་གཞན་དག་ཡོད་ཚེ། གལ་སྲིད་ཁྱེད་ཀྱིས་རིགས་དགར་བའི་ཕྱིར་འགྲེམ་གྱི་ཆ་འཕྲིན་ཐོབ་འདོད་མེད་ཚེ། ཁྱེད་ཀྱིས་ཆ་འཕྲིན་འདི་བརྒྱུད་ནས་ཕྱིར་ཐོན་བྱེད་ཐབས(ཡིག་སྒམ་གཤམ་འོག་གི་མངགས་ཉོ་རྩིས་མེད་ཀྱི་འབྲེལ་ཐག)ཀྱིས་ཞབསཞུ་འདི་རིགས་མེད་པར་བྱས་ཆོག གཤམ་གྱི་“ཁྱེད་ཀྱི་དབང་ཆ” ཞེས་པར་ཟུར་ལྟ་གནང་རོགས།
  • རང་གཤིས་ཅན་གྱི་ཞབས་ཞུ་དང་ནང་དོན་མཁོ་འདོན་བྱེད་པ། ང་ཚོས་ཁྱེད་ཀྱིས་ང་ཚོའི་ཐོན་རྫས་དང་ཞབས་ཞུ་བེད་སྤྱོད་བྱེད་སྐབས་སུ་མངོན་པའི་ཆ་འཕྲིན་ལ་གཞིར་ཏེ། དཔེར་ན་ལོ་རྒྱུས་ཉོ་བ། དྲ་ཚིགས་ལོ་རྒྱུས་དང་ས་གནས་ཆ་འཕྲིན་བཤར་ཀློག་བྱེད་པ་སོགས་ལས་ཁྱེད་ལ་རང་གཤིས་ཅན་གྱི་ཐོན་རྫས་དང་། ཞབས་ཞུ། བྱེད་སྒོ། དེ་མིན་བརྡ་ཁྱབ་ངོ་སྤྲོད་བྱེད་ངེས། ཁྱེད་རང་ནམ་ཡིན་ཡང་རང་གཤིས་ཅན་གྱི་བརྡ་ཁྱབ་་དང་ལེན་མི་བྱེད་པ་དང་སྤྱོད་མིའི་པར་བརྙན་དང་ལེན་མི་བྱེད་པའི་དབང་ཆ་ཡོད། སྒོས་སུ་ཐད་ཀར་ཚོང་གཉེར་ལ་དམིགས་པའི་ངོས་འཛིན་དབྱེ་ཞིབ་ཀྱང་ཁོངས་སུ་འདུས། དེར་བརྟེན། ཁྱེད་ཀྱིས་དུས་ནམ་ཡང་ཁ་པར་སྒྲིག་བཀོད(སྒྲིག་བཀོད།-སྒྲིག་བཀོད་གཞན་དག-གསང་དོན།-བརྡ་ཁྱབ་ཞབས་ཞུ།)ལས་ཁ་ཕྱེ་བའམ་སྒོ་རྒྱག་ཆོག ཡང་ན་privacy@xiaomi.comབརྒྱུད་དེ་ང་ཚོར་འབྲེལ་བ་བྱས་ཆོག གཞན་དུ་འོག་གི་ “ཁྱེད་ཀྱི་དབང་ཆ” བཀླག་རོགས།
  • ཁྱེད་ཀྱིས་སྤྱོ་སྤྱོད་གླེང་སྟེགས་ཐོག་དཔྱད་གཏམ་སྤེལ་ཆོག
  • ནང་ཁུལ་གྱི་དམིགས་ཡུལ། ང་ཚོའི་ཐོན་རྫས་སམ་ཞབས་ཞུའི་བེད་སྤྱོད་དང་འབྲེལ་བའི་སྡོམ་ཚིག་གི་ཆ་འཕྲིན་གཞི་གྲངས་དབྱེ་ཞིབ་དང་ཞིབ་འཇུག གསར་སྤེལ་བཅས་བརྒྱུད་དེ་ང་ཚོའི་ཐོན་རྫས་སམ་ཞབས་ཞུ་ལེགས་བཅོས་དང་འཐུས་ཚང་དུ་གཏོང་དགོས། དཔེར་ན། མཚོན་རྟགས་ཅན་བསྒྱུར་རྗེས་འཕྲུལ་ཆས་སློབ་སྦྱོང་ངམ་དཔེ་དབྱིབས་རྩི་ཐབས་སྦྱོང་བརྡར་བྱེད་པ།
  • སྒྲིག་ཆས་ཀྱི་ནུས་པ་ལེགས་སུ་གཏོང་བ་སྟེ། དཔེར་ན། ཉེར་སྤྱོད་གོ་རིམ་ཁྲོད་ཀྱི་ནང་གསོག་བེད་སྤྱོད་བྱེད་ཚུལ་ལམ་ཡང་ན་CPUསྤྱོད་ཕྱོད་ལ་དབྱེ་ཞིབ་བྱེད་པ།
  • ཁྱེད་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་གསོག་ཉར་དང་སྲུང་སྐྱོང་བྱེད་པ། ང་ཚོའི་ལས་སྒོ་གཉེར་སྐྱོང་དུ་བཀོལ་བ།(དཔེར་ན་ལས་སྒོ་བསྡོམས་རྩིས།) ཡང་ན་ཁྲིམས་ཀྱི་འགན་འཁྲི་ཁུར་བ།
  • ང་ཚོའི་ཞབས་ཞུ་ཆས་དང་འཕྲིན་གཏོང་མི་དགོས་པའི་ས་གནས་དེ་གའི་ཞབས་ཞུ་མཁོ་འདོན། དཔེར་ན་ཁྱེད་ཀྱི་སྒྲིག་ཆས་སྣེ་རུ་སྟབས་བདེ་བྱང་བུའི་ཞབས་ཞུ་བེད་སྤྱོད་བྱེད་པ།
  • ཁྱེད་ཀྱི་མོས་མཐུན་ཐོབ་པའི་དམིགས་ཡུལ་གཞན་དག

ང་ཚོས་སྐུ་ཉིད་ཀྱི་ཆ་འཕྲིན་ཇི་ལྟར་བེད་སྤྱོད་གཏོང་ཕྱོགས་ཐད་ལ།(དེའི་ནང་དུ་སྒེར་གྱི་ཆ་འཕྲིན་ཡང་ཚུད་ཡོད།)གཤམ་འོག་ཏུ་དེ་ལས་མང་བའི་ཞིབ་ཕྲའི་ཆ་འཕྲིན་དག་མཁོ་འདོན་བྱས་ཡོད་པ་ནི།

  • ཁྱེད་ཀྱིས་ཉོས་པའི་ཞའོ་མཱི་ཐོན་རྫས་དང་ཞབས་ཞུ་གྲུང་སྐུལ་དང་ཐོ་འགོད་བྱེད་པ།
  • ཁྱེད་ཀྱི་ཞའོ་མཱི་རྩིས་ཨང་གསར་འཛུགས་དང་སྲུང་སྐྱོང་བྱེད་པ། དྲ་ཚིགས་སམ་ཡང་ན་འགུལ་བདེའི་སྒྲིག་ཆས་བརྒྱུད་ཞའོ་མཱི་ཡི་རྩིས་ཨང་བཟོ་སྐབས་བསྡུ་རུབ་བྱས་པའི་མི་སྒེར་གྱི་ཆ་འཕྲིན་དག་སྤྱོད་མཁན་རང་གི་ཞའོ་མཱི་རྩིས་ཨང་དང་དཔྱད་གཞིའི་ཤོག་ངོས་སུ་གསལ།
  • ཁྱེད་ཀྱིས་མངགས་ཉོ་བྱས་པའི་འཛིན་ཐོ་ཐག་གཅོད། ཚོང་དོན་གློག་རྡུལ་གྱི་མངགས་ཐོ་དེ་དང་འབྲེལ་བའི་ཆ་འཕྲིན་དེ་མངགས་ཉོའི་འཛིན་ཐོ་དང་འབྲེལ་བའི་དངོས་ཟོག་ཚོང་རྗེས་ཀྱི་ཞབས་ཞུར་བེད་སྤྱད་ཆོག འཛད་སྤྱོད་པའི་རྒྱབ་སྐྱོར་དང་དངོས་ཟོག་བསྐྱར་དུ་སྐུར་བའང་ཚུད་ཡོད། དེ་མིན། མངགས་འཛིན་དེ་ཡང་སྣོལ་འབྲེལ་གྱི་བརྟག་དཔྱད་དབོར་འདྲེན་གྱི་མཉམ་ལས་མཐུན་མཱི་འཛིན་དང་དངོས་ཟོག་དབར་ཕར་སྤྲོད་ཚུར་ལེན་བྱེད་དགོས། དངོས་ལེན་མཁན་གྱི་ཆ་འཕྲིན་དང་མིང་། ས་གནས། ཁ་པར་ཨང་གྲངས། སྦྲག་སྲིད་ཨང་པའི་དངོས་ཟོག་གི་འདྲི་རྩད་ཆ་འཕྲིན་དེ་སྐུར་བའི་ཆེད་དུ་ཡིན། ཉོ་སྒྲུབ་ཟིན་པའི་རྩིས་ཐོ་དེས་འཛིན་ཤོག་བསྐྱར་པར་བྱེད་ཆེད་དང་། ཆབས་ཅིག་འཛད་སྤྱོད་པར་ཐུམ་སྒྲིལ་ནང་གི་དངོས་ཟོག་གཏན་འཁེལ་བྱེད་ཆེད་ཡིན།
  • MIUIགླེང་སྟེགས་ལ་ཞུགས་པ། MIUIགླེང་སྟེགས་སམ་ཞའོ་མཱི་ཡི་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་གཞན་དག་གི་མི་སྒེར་གྱི་ཆ་འཕྲིན་རྣམས་མི་སྒེར་གྱི་ཆ་འཕྲིན་གྱི་ངོས་དང་ལབ་གླེང་ངོས། ཟབ་ཞུགས་ངོས་སོགས་སུའང་མངོན་ཡོད།
  • ཞའོ་མཱི་སྤྲིན་དང་དེ་མིན་MIUIཞབས་ཞུ་མཁོ་འདོན་བྱ་རྒྱུ། གཤམ་གྱི་སྒྲིག་ཆས་(སྒྲིག་ཆས་དང་SIMཁཱ་དང་འབྲེལ་བའི་ཆ་འཕྲིན། དེའི་ནང་དུ་IMEI ཨང་གྲངས། GAIDཨང་གྲངས། IMSIཨང་གྲངས་དང་། ཁ་པར་ཨང་གྲངས། སྒྲིག་ཆས་ཨང་གྲངས་དང་། སྒྲིག་ཆས་བཀོལ་སྤྱོད་ཀྱི་བརྒྱུད་ཁོངས། MAC ས་ཚིགས། སྒྲིག་ཆས་དབྱེ་བ། བརྒྱུད་ཁོངས་དང་བྱེད་ནུས་ཀྱི་ཆ་འཕྲིན། དེ་བཞིན་འགུལ་སྐྱོད་རྒྱལ་ཁབ་ཀྱི་ཚབ་རྟགས། འགུལ་སྐྱོད་དྲ་བའི་ཚབ་རྟགས། སྡོད་གནས་ས་ཁོངས་ཀྱི་ཚབ་རྟགས་དང་། སྡོད་ཁུལ་ངོས་འཛིན་སོགས་ཀྱི་ས་གནས་ཀྱི་ཆ་འཕྲིན།) བསྡུ་རུབ་བྱས་ནས་ MIUIཞབས་ཞུའི་བསྐྱར་བཟོར་བེད་སྤྱོད་བྱེད། དཔེར་ན། ཞའོ་མཱི་སྤྲིན། གླེང་མོལ་གྱི་ཉིན་ཐོ་དང་གོམ་མཉམ། འཕྲིན་ཐུང་དང་གོམ་མཉམ། འཚོལ་གཤེར་སྒྲིག་ཆས། དེ་དང་ཆབས་ཅིག་འཛད་སྤྱོད་པའི་ཁས་ལེན་དང་ཞབས་ཞུའི་བསྐྱར་བཟོ་སོགས་སོ། །
  • ནད་དཔྱད་བསྐྱར་བཟོ་མ་འགྲུབ། འབྲེལ་ཡོད་ས་བབ་གནས་ཡུལ་གྱི་ཆ་འཕྲིན་དེ་SIMཁཱ་བསྐྱར་བཟོ་མ་འགྲུབ།(དཔེར་ན། འཕྲིན་ཕྲན་ཞབས་ཞུ།(SMS)ཡི་དྲ་སྒོ་དང་དྲ་རྒྱའི་ནུས་པ་ཤོར་བ།) དེ་གའི་ཞབས་ཞུའི་དྲ་རྒྱའི་འཁོར་བསྐྱོད་ལ་དབྱེ་འབྱེད་ངོས་འཛིན་དང་། ཆབས་ཅིག་དྲ་རྒྱའི་གཉེར་སྐྱོང་ཁང་ལ་བརྡ་ཐོ་དེ་གཏོང་དགོས།
  • དེ་མིན་གྱི་MIUIཞབས་ཞུ་མཁོ་འདོན། MIUIཞབས་ཞུས་བསྡུ་རུབ་བྱས་པའི་ཆ་འཕྲིན་ནི་ཞབས་ཞུ་དེའི་ནུས་པ་བཀོལ་སྤྱོད་ཀྱི་ཆེད་དུ་ཡིན་ལ། དུས་མཚུངས་སུ་ཞབས་ཞུ་ལེགས་བཅོས་མཁོ་འདོན་བྱེད་པ་རེད། དཔེར་ན་MIUIཞབས་ཞུ་དང་འབྲེལ་བའི་བྱེད་སྒོ་ཕབ་ལེན་དང་། གསར་བསྒྱུར། ཐོ་འགོད། ལག་བསྟར་རམ་ལེགས་བཅོས་བྱེད་པ་སོགས་སོ། །དཔེར་ན་གཙོ་དོན་ཚོང་ཁང་གྱི་བསྡུ་རུབ་བྱས་པའི་མི་སྒེར་གྱི་ཆ་འཕྲིན་གྱིས་ཁྱེད་ཀྱིས་ཕབ་ལེན་དང་ལྟ་བཤེར་ལོ་རྒྱུས་ལྟར་ཁྱེད་ལ་ཐུན་མོང་མ་ཡིན་པའི་གཕ་དོན་འོས་སྦྱོར་གྱི་ཞབས་ཞུ་མཁོ་འདོན་བྱ་སྲིད།
  • ཁ་པར་འཚོལ་བ། ཁ་པར་བརླག་པའམ་བརྐུས་རྗེས། ཞའོ་མཱི་ཡི“ཁ་པར་འཚོལ་བ”ཞེས་པའི་བྱེད་ནུས་ཀྱིས་ཁྱེད་ཀྱི་ཁ་པར་འཚོལ་ཐུབ་པ་དང་སྲུང་སྐྱོབ་བྱེད་ཐུབ། ཁྱེད་ཀྱིས་ཁ་པར་གྱིས་མཁོ་འདོན་བྱས་པའི་གནས་ཡུལ་ཆ་འཕྲིན་གཞིར་བཟུང་ནས་ས་ཁྲའི་སྟེང་དུ་ཁྱེད་ཀྱི་ཁ་པར་གནས་ངེས་བྱས་རྗེས། ཁ་པར་གྱི་ནང་དོན་གཙང་སེལ་དང་ཁ་པར་ལ་ཟྭ་བརྒྱབ་ཆོག ཁྱེད་ཀྱིས་རང་འགུལ་གྱིས་ཁ་པར་འཚོལ་སྐབས། བརྒྱུད་ཁོངས་ཀྱིས་ཁྱེད་ཀྱི་འགུལ་བསྐྱོད་སྒྲིག་ཆས་ལ་བརྟེན་ནས་སྡོད་གནས་ཆ་འཕྲིན་ལེན་ཐུབ། གནས་ཚུལ་ཁ་ཤས་ཀྱི་སྐབས་སུ། སྡེ་ཁུལ་གྱི་བརྡ་རྟགས་ལྕོག་དང་། Wi-Fiཀྱི་ནུས་པ་ལ་བརྟེན་ནས་ཆ་འཕྲིན་ལེན་ཐུབ། ཁྱེད་ཀྱིས་ཁ་པར་གྱི་སྒྲིག་འགོད་(སྒྲིག་འགོད-ཞའོ་མཱི་ཐོ་ཨང-ཞའོ་མཱི་སྤྲིན-ཁ་པར་འཚོལ་བ)ནས་དུས་ངེས་མེད་དུ་བྱེད་ནུས་འདི་ཁ་ཕྱེའམ་ཁ་བརྒྱབ་ཆོག
  • འདྲ་པར་གྱི་གནས་ཡུལ་ཆ་འཕྲིན་ཟིན་བྲིས། ཁྱེད་ཀྱིས་པར་ལེན་དུས་ཀྱི་གནས་ཡུལ་ཆ་འཕྲིན་ཟིན་ཐོ་བརྒྱབ་ཆོག ཆ་འཕྲིན་དེ་འདྲ་པར་གྱི་ཡིག་ཆའི་ནང་ནས་མཐོང་རྒྱུ་ཡོད་ལ། ད་དུང་གནས་ཡུལ་དེ་གསོག་འཇོག་བྱས་པའི་པར་གྱི་ཆ་འཕྲིན་དུ་གསལ། གལ་ཏེ་ཁྱེད་ཀྱིས་འདྲ་པར་བརྒྱབ་པའི་གནས་ཡུལ་དེ་ཟིན་བྲིས་སུ་བཀོད་འདོད་མེད་ན། འདྲ་པར་གྱི་སྒྲིག་ཆས་ནང་ནས་བྱེད་ནུས་དེ་ཁ་བརྒྱབ་ཆོག
  • ཆ་འཕྲིན་བསྐུར་བའི་ནུས་པ་མཁོ་འདོན་བྱེད་དགོས།(དཔེར་ན། མཱི་གླེང་དང་། དྲ་བའི་འཕྲིན་ཐུང་ལྟ་བུ)གལ་ཏེ་ཁྱེད་ཀྱིས་མཱི་གླེང་ཕབ་ལེན་དང་བེད་སྤྱོད་བྱས་ཚེ། མཱི་གླེང་གིས་བསྡུ་རུབ་བྱས་པའི་ཆ་འཕྲིན་དེ་ཞབས་ཞུར་སྐུལ་སློང་དང་། སྤྱོད་མཁན་དང་ཆ་འཕྲིན་བསྡུ་ལེན་ངོས་འཛིན་བྱེད་པར་བེད་སྤྱོད་བྱེད། དེ་མིན། གླེང་མོལ་གྱི་ཟིན་ཐོ་དེ་ཉར་ཚགས་བྱས་ནས། འཛད་སྤྱོད་པས་བསྐྱར་དུ་སྒྲིག་འཇུག་བེད་སྤྱོད་བྱས་རྗེས་སླར་ཡང་ཁ་བརྡའི་ལོ་རྒྱུས་སྣོན་འཇུག་དང་། ཡང་ན་སྒྲིག་ཆས་དབར་གྱི་གོམ་མཉམ་ལ་བེད་སྤྱོད་བྱས་ཆོག བསྐུར་མཁན་དང་ལེན་མཁན་གྱི་ཁ་པར་ཨང་གྲངས་དང་དེ་བཞིན་པའི་དྲ་བའི་འཕྲིན་ཐུང་གི་ཐོ་ཨང་གི་ཆ་འཕྲིན་སོགས་དྲ་བའི་འཕྲིན་ཐུང་གི་ཞབས་ཞུ་སྐུལ་སློང་བྱས་ནས། ཞབས་ཞུ་དེས་ནུས་པ་ཐོན་པ་བྱེད་དགོས། དེའི་ནང་དུ་ཆ་འཕྲིན་གྱི་ལམ་སྟོན་གདམ་ཁ་ཚུད་ཡོད།
  • གཞི་རྩའི་སྡོད་གནས་ཀྱི་ཞབས་ཞུའི་མཁོ་འདོན། MIUIཞབས་ཞུ་བེད་སྤྱོད་བྱེད་པའི་སྐབས་སུ། ང་ཚོའམ་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པ་དང་། ལས་སྒོའི་མཉམ་ལས་རོགས་ཟླ(ཆ་འཕྲིན་ཞིབ་ཕྲ་དེ་བས་མང་བ་གཤམ་གྱི་“ང་ཚོས་ཇི་ལྟར་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་མཉམ་སྤྱོད་དང་། སྤོ་བསྒྱུར། སྤྱི་བསྒྲགས་སོགས་བྱེད”ཅེས་པར་ཟུར་ལྟ་གནང་རོགས)སྡོད་གནས་ཀྱི་ཆ་འཕྲིན་བེད་སྤྱོད་པ་ནི་ཁྱེད་ཉིད་ལ་པར་གཞི་དངོས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པའི་ཆེད་དུ་ཡིན། དེ་དང་ཆབས་ཅིག་གནད་ལ་འཁེལ་བའི་ས་ཡུལ་དེ་མཁོ་འདོན་ཐུབ་ཚེ། འཛད་སྤྱོད་པར་ཉམས་ལེན་དེ་བས་ལེགས་པ་ཞིག་ཡོང་ཐུབ། དཔེར་ན། གནམ་གཤིས་ཀྱི་ཆ་འཕྲིན། གནས་ཡུལ་འབྲེལ་མཐུད།(ཨན་དྲོའི་སྟེགས་བུའི་ཆ་ཞིག་གི་ངོས་ནས།)ཁྱེད་ཉིད་དུས་ངེས་མེད་དུ་སྒྲིག་འགོད་ནས་གནས་ངེས་ཞབས་ཞུ་ཁ་རྒྱག་པའམ་མཉེན་ཆས་ག་གེ་མོའི་གནས་ཡུལ་ཞབས་ཞུ་ཁ་བརྒྱབ་ཆོག
  • སྤྱོད་མཁན་གྱི་ཉམས་ལེན་ལེགས་བཅོས། གདམ་ཁའི་རང་བཞིན་ཅན་གྱི་སྣོན་འཇུག་རྩལ་ནུས་འགའ་སྟེ། དཔེར་ན་སྤྱོད་མཁན་གྱི་ཉམས་ལེན་འཆར་གཞི་ཡིས་ཞའོ་མཱི་ཡིས་ཇི་ལྟར་བྱས་ནས་ལག་ཐོགས་ཁ་པར་དང་MIUIཞབས་ཞུའི་གཞི་གྲངས་བཀོལ་སྤྱོད་བྱས་ནས་འཛད་སྤྱོད་པའི་མྱོང་བ་ལེགས་སུ་གཏོང་བ་སྟེ། དཔེར་ན། རྩ་ཐོར་གྱི་སྙན་ཞུ་བཀུར་བ།
  • བདེ་འཇགས་ལྟེ་གནས་བེད་སྤྱོད། འཚོལ་བསྡུ་བྱས་པའི་ཆ་འཕྲིན་དག་བདེ་འཇགས་དང་བརྒྱུད་ཁོངས་ཀྱི་སྲུང་སྐྱོང་དུ་བེད་སྤྱད་པ། དཔེར་ན་དུག་སེལ་བཤེར་འབེབས། གློག་གྲོན་དཔེ་ཚུལ། མིང་ཐོ་ནག་པོ། གཙང་སེལ་ཆས་སོགས་སོ། །དེའི་ཁྲོད་ཀྱི་ནུས་པ་འགའ་ནི་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པ་དང་ལས་སྒོའི་མཉམ་ལས་རོགས་ཟླ(ཆ་འཕྲིན་ཞིབ་ཕྲ་དེ་བས་མང་བ་གཤམ་གྱི་“ང་ཚོས་ཇི་ལྟར་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་མཉམ་སྤྱོད་དང་། སྤོ་བསྒྱུར། སྤྱི་བསྒྲགས་སོགས་བྱེད”ཅེས་པར་ཟུར་ལྟ་གནང་རོགས)ཚོང་གཉེར་བྱེད། ཆ་འཕྲིན(དཔེར་ན་ནད་དུག་མཚན་བཀོད་གོ་རིམ་སོགས་མི་སྒེར་མ་ཡིན་པའི་ཆ་འཕྲིན)ནད་དུག་བཤེར་འབེབས་ཀྱི་ནུས་པར་བེད་སྤྱོད་བྱེད།
  • འདོན་སྤྲོད་ཞབས་ཞུ་མཁོ་འདོན། ཞའོ་མཱི་ཨང་གྲངས་དང་IMEI/GAIDཨང་གྲངས་ཡང་ཞའོ་མཱི་འདོན་སྤྲོད་ཞབས་ཞུ་མཁོ་འདོན་དུ་བེད་སྤྱད་པ། བརྡ་ཁྱབ་དཔྱད་དཔོག་གི་སྣང་ཚུལ་དང་ཕྱིར་ཚོང་གི་ཆ་འཕྲིན་ཚུད་པའི་MIUIནས་བཀུར་བའི་མཉེན་ཆས་གསར་སྒྱུར་རམ་ཐོན་རྫས་གསར་པ་ཁྱབ་བསྒྲགས་ཀྱི་བརྡ་ཐོ། དུས་མཚུངས་སུ་ཕྱོགས་གསུམ་པ(ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་གྱི་གཞི་གྲངས་ཚོད་འཛིན་མཁན - ཆ་འཕྲིན་ཞིབ་ཕྲ་དེ་བས་མང་བ་གཤམ་གྱི་“ང་ཚོས་ཇི་ལྟར་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་མཉམ་སྤྱོད་དང་། སྤོ་བསྒྱུར། སྤྱི་བསྒྲགས་སོགས་བྱེད”ཅེས་པར་ཟུར་ལྟ་གནང་རོགས)ཡིས་དབང་སྤྲོད་བྱས་རྗེས། ཞའོ་མཱི་ཡི་ལེན་བསྡུའི་ཞབས་ཞུས་ཀྱང་ཁྱེད་ཀྱི་ཞའོ་མཱིའི་ཐོ་འགོད་ཨང་གྲངས་དང་། IMEI/GAIDཨང་གྲངས་བེད་སྤྱོད་བྱས་ནས། འབྲེལ་ཡོད་བརྡ་ཁྱབ་ཀྱི་རྣམ་པ་དང་། MIUIགྱིས་བསྐུར་བའི་འབྲེལ་ཡོད་བརྡ་ཐོར་གདེང་འཇོག་བྱེད་སྲིད། ཁྱེད་ཀྱིས་ང་ཚོའི་འདོན་སྤྲོད་ཞབས་ཞུ(ཞབས་ཞུའི་ཁྲོད་སྒྲུབ་པའི་ཆ་འཕྲིན་འདོན་སྤྲོད་ཡིན་ནའང་འདྲ། གློག་རྡུལ་ཡིག་ཟམ་མམ་དེ་མིན་གྱི་བྱ་ཐབས་གང་ཡིན་རུང་ཆོག)གཞིར་བྱས་ནས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བེད་སྤྱོད་བྱས་ནས། ཁྱེད་ལ་ང་ཚོ་དང་ཕྱོགས་གསུམ་པའི་ཐོན་རྫས་སམ་ཞབས་ཞུ་མཁོ་འདོན་དང་ཁྱབ་སྤེལ་བྱེད་སྲིད། ཁྱེད་ཀྱི་དུས་ངེས་མེད་སྐབས་སུ་ཁ་པར་གྱི་སྒྲིག་འགོད་ལེ་ཚན་འོག་གི་སྒྲིག་འགོད་དགའ་ས་ནས་ང་ཚོ་དང་ཕྱོགས་གསུམ་པས་བསྐུར་བའི་ཚོང་དོན་ཆ་འཕྲིན་དང་ལེན་མ་བྱས་པའམ། ཞའོ་མཱི་འདོན་སྤྲོད་ཀྱི་ཕྱོགས་གསུམ་པའི་ཉེར་སྤྱོད/དྲ་ངོས་སྤྱད་ནས་ཁྱེད་ཀྱི་སྒྲིག་འགོད་དགའ་ས་དོ་དམ་བྱེད་སྲིད། གཤམ་གྱི་“ཁྱེད་ཀྱི་དབང་ཆ”ཞེས་པར་དཔྱད་གཟིགས་གནང་རོགས།
  • སྤྱོད་མཁན་གྱི་ཐོབ་ཐང་ར་སྤྲོད། ཞའོ་མཱི་ཡིས་ECVཚད་གྱིས་སྤྱོད་མཁན་གྱི་ཐོབ་ཐང་ལ་ར་སྤྲོད་བྱས་ནས། དབང་སྤྲོད་མེད་པའི་མི་སྣས་ཐོ་འཇུག་བྱེད་པ་འགོག་ཐུབ།
  • སྤྱོད་མིའི་ལྡོག་སྐྱེལ་འཚོལ་སྡུད་བྱེད་པ། ཁྱེད་རང་གི་གདམ་ག་མཁོ་འདོན་བྱས་པའི་ལྡོག་འདྲེན་དེས་ཞའོ་མཱི་ཡི་ཞབས་ཞུ་ལེགས་བཅོས་བྱེད་པར་གལ་ཆེ། ཁྱེད་ཀྱིས་མཁོ་འདོན་བྱས་པའི་ལྡོག་འདྲེན་ཐག་གཅོད་བྱེད་ཆེད། ཞའོ་མཱི་ཡིས་ཁྱེད་ཀྱིས་མཁོ་འདོན་བྱས་པའི་མི་སྒེར་གྱི་ཆ་འཕྲིན་བེད་སྤྱད་དེ་ཁྱེད་དང་འབྲེལ་བ་བྱེད་སྲིད་ཀྱང་། ཟིན་ཐོ་ཉར་ཚགས་བྱས་ཏེ་གནད་དོན་ཐག་གཅོད་དང་ཞབས་ཞུ་ལེགས་བཅོས་བྱེད་པར་སྤྱོད་སྲིད།
  • བརྡ་ཐོ་བསྐུར་བ། ང་ཚོས་དུས་ངེས་མེད་ལ་ཁྱེད་ཉིད་ཀྱིས་སྒེར་གྱི་ཆ་འཕྲིན་ལ་གཞིགས་ནས་འབྲེལ་ཡོད་ཀྱི་དངོས་རྫས་ཕྱིར་ཚོང་གི་སྐོར་དང་ང་ཚོའི་དོན་ཚན། ཆ་རྐྱེན་དེ་བཞིན་སྲིད་ཇུས་ཀྱི་འགྱུར་བ་སོགས་ཀྱི་བརྡ་ཐོ་བསྐུར་སྲིད། ཆ་འཕྲིན་འདི་རིགས་ཀྱིས་ཁྱེད་དང་ཞའོ་མཱི་དབར་གྱི་འབྲེལ་བར་གལ་འགངས་ཆེ་བས། ཁྱེད་ཀྱིས་ཆ་འཕྲིན་འདི་རིགས་བཀག་འགོག་མ་གནང་ན་བཟང་།
  • ཕྱིར་འཚོང་གི་བྱེད་སྒོ་སྤེལ་བ། གལ་སྲིད་ཁྱེད་ཀྱིས་ཞའོ་མཱིའི་གྲོགས་འབྲེལ་སྨྱན་སྦྱོར་སྟེགས་བུ་ནས་བྱ་དགའ་འཐེན་པའི་བྱེད་སྒོ་དང་། འགྲན་སྡུར་སོགས་ཕྱིར་འཚོང་འདྲ་བའི་བྱེད་སྒོར་བཞུགས་ཚེ། ང་ཚོས་ཁྱེད་ཀྱིས་མཁོ་འདོན་བྱས་པའི་མི་སྒེར་གྱི་ཆ་འཕྲིན་སྤྱད་ནས་ཁྱེད་ལ་བྱ་དགའ་དེ་དག་བསྐུར་སྲིད།
  • སྒྲིག་ཆས་ལ་དབྱེ་ཞིབ་བྱས་ནས་སྤྱོད་མཁན་ལ་སྔར་ལས་ལེགས་པའི་ཞབས་ཞུ་མཁོ་འདོན་བྱེད་པ། ཞའོ་མཱི་ཡིས་སྲ་ཆས་དང་མཉེན་ཆས་ལ་དབྱེ་ཞིབ་བྱས་ནས། སྒྲིག་ཆས་ཀྱི་ཉམས་ལེན་སྔར་བས་མཐོར་འདེགས་བྱེད་སྲིད།

ང་ཚོས་ཆ་འཕྲིན་འདི་དག་དང་ཆ་འཕྲིན་གཞན་ཟུང་འབྲེལ་བྱས་སྟེ།(ཞབས་ཞུ་མི་འདྲ་བ་དང་སྒྲིག་ཆས་མི་འདྲ་བ་གང་རུང་ཏེ་གློག་ཀླད་དང་། ཁ་པར། རིག་ནུས་བརྙན་འཕྲིན་དང་། དྲ་འབྲེལ་སྒྲིག་ཆས་གཞན་དུ་མངོན་པའི་ཆ་འཕྲིན།)རང་གི་ཐོན་རྫས་དང་ཞབས་ཞུ། ནང་དོན། བརྡ་ཁྱབ་དྲིལ་བསྒྲགས་བཅས་ལེགས་བསྒྱུར་གྱི་ཐད་ལ་སྤྱོད་ངེས། དཔེར་ན། ཞའོ་མཱི་ཡི་རྩིས་ཨང་མཁོ་བའི་ཞབས་ཞུའི་ཁྲོད་དུ་ཁྱེད་ཀྱི་ཞའོ་མཱི་རྩིས་ཨང་དུ་གསལ་བའི་ཞིབ་ཕྲའི་ཆ་འཕྲིན་བེད་སྤྱོད་བྱེད་སྲིད། དེ་དང་མཉམ་དུ། ཁྱེད་ལ་སྔར་ལས་ལྷག་པའི་ཉམས་ལེན་དང་ང་ཚོའི་ཞབས་ཞུ་ཇེ་ལེགས་སུ་གཏོང་ཆེད། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་ཞིང་ཁྱེད་ཀྱི་མོས་མཐུན་ཐོབ་པའི་གནས་ཚུལ་བརྒྱུད། ང་ཚོས་ཁྱེད་དང་འབྲེལ་ཡོད་ཀྱི་ཐོན་རྫས་དང་ཞབས་ཞུ། སྒྲིག་ཆས་མི་འདྲ་བའི་ཆ་འཕྲིན་དག་ཕྱོགས་བསྡུས་བྱས་ཏེ་དེའི་རྣམ་པ་དང་བྱེད་ནུས་ཕུན་ཚོགས་སུ་བསྒྱུར་ངེས། དཔེར་ན་ཁྱེད་ཀྱི་འཚོལ་བཤེར་ཆས་ནང་གི་འཚོལ་བཤེར་ལོ་རྒྱུས་བེད་སྤྱད་དེ་ཞའོ་མཱི་ཚོང་གྲོང་དུ་ཁྱེད་རང་ལ་དགའ་མོས་ཡོད་པའི་ཚོང་ཟོག་གམ་ཞབས་ཞུ་ངོ་སྤྲོད་བྱེད་སྲིད། ང་ཚོས་གཞི་གྲངས་ཟླ་སྒྲིལ་བཏང་བའི་རྒྱུ་མཚན་དང་དེ་བཞིན་བཅའ་ཁྲིམས་ཀྱི་བླང་བྱ་ལྟར་ཁྱེད་རང་ལ་སྡེབ་སྒྲིག་བྱས་པའི་ཞིབ་ཕྲའི་གནས་ཚུལ་འདོན་སྤྲོད་བྱེད་སྲིད། འོན་ཀྱང་། ཁྱེད་ལ་དེ་དག་དང་ལེན་མི་བྱེད་པའི་དབང་ཆ་ཡོད་ངེས། དབང་ཆ་དེ་ཉིད་སྤྱོད་བདེ་ཆེད། ཁྱེད་ཀྱིས་ཡིག་ཟམ་འདིར་privacy@xiaomi.com སྦྲགས་ཡིག་བསྐུར་ཆོག ཡང་ན་ཐོན་རྫས་སོ་སོའི་སྒེར་གྱི་གསང་དོན་སྲིད་ཇུས་ཁྲོད་གསལ་བཤད་བྱེད་པའི་ཚོད་འཛིན་ལམ་ལུགས་ལ་ལྟོས་ཆོག དེ་ནི་གཤམ་གྱི་“ཁྱེད་རང་གི་དབང་ཆ”ཞེས་པ་དེའོ། །

ཞའོ་མཱི་དང་ཕྱོགས་གསུམ་པའི་ཞབས་ཞུ་ཚོང་གཉེར་བ་དང་ལས་སྒྲུབ་མཉམ་འབྲེལ་རོགས་ཟླས(ཆ་འཕྲིན་ཞིབ་ཕྲ་དེ་བས་མང་བ་གཤམ་གྱི་“ང་ཚོས་ཇི་ལྟར་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་མཉམ་སྤྱོད་དང་། སྤོ་བསྒྱུར། སྤྱི་བསྒྲགས་སོགས་བྱེད”ཅེས་པར་ཟུར་ལྟ་གནང་རོགས)Cookinདང་དཔེ་འཛར། འཁྲབ་གཞུང་སོགས་ཀྱི་ལག་རྩལ་བེད་སྤྱོད་གཏོང་དགོས། ལག་རྩལ་འདི་དག་ནི་འཕེལ་ཕྱོགས་དབྱེ་ཞིབ་དང་དྲ་ཚིགས་དོ་དམ། སྤྱོད་མཁན་རྗེས་འདེད། དྲ་ཚིགས་བྱེད་སྒོ། སྤྱོད་མཁན་ཚོགས་སྤྱི་ཡོངས་ཀྱི་བསྡོམས་རྩིས་ཆ་འཕྲིན་བསྡུ་ལེན་སོགས་ཀྱི་ཕྱོགས་སུ་སྤྱོད། ང་ཚོར་གོང་གི་ལག་རྩལ་ལ་བརྟེན་ལས་བྱེ་བྲག་གམ་སྤྱིའི་ཕྱོགས་བསྡོམས་དབྱེ་ཞིབ་སྙན་ཞུ་འབྱོར་གྱིན་ཡོད། ལག་རྩལ་འདིས་ང་ཚོས་ཁྱེད་ཀྱི་དགའ་མོས་ལ་རྒྱུས་ལོན་ལེགས་པོ་ཡོད་པར་རོགས་འདེགས་བྱེད་ཅིང་། དྲ་ཚིགས་ཀྱི་ཁག་གི་སྤྱོད་ཚུལ། བརྡ་ཁྱབ་དང་དྲ་རྒྱའི་འཚོལ་བཤེར་གྱི་ཕན་འབྲས་སོགས་ལེགས་བཅོས་དང་དབྱེ་ཞིབ་བྱེད་ཐུབ། ང་ཚོས་Cookieདང་ལག་རྩལ་གཞན་དག་བརྒྱུད་ནས་བསྡུས་པའི་ཆ་འཕྲིན་ནི་མི་སྒེར་གྱི་ཆ་འཕྲིན་མིན། འོན་ཀྱང་། གལ་ཏེ་གནས་དེ་གའི་བཅའ་ཁྲིམས་ཀྱིས་Internetགྲོས་མཐུན་གྱི་ས་གནས(IP)དང་ཡང་ན་དེ་དང་འདྲ་བའི་ངོས་འཛིན་རྟགས་མཚན་མི་སྒེར་གྱི་ཆ་འཕྲིན་ལ་ངོས་བཟུང་ཚེ། ང་ཚོས་ཀྱང་ངོས་འཛིན་རྟགས་མཚན་དེ་ཉིད་མི་སྒེར་གྱི་ཆ་འཕྲིན་ལ་བརྩི་ངེས།

  • ཉིན་ཐོའི་ཡིག་ཆ། དྲ་ཚུགས་མང་ཆེ་བ་དང་འདྲ་བར་ང་ཚོས་དམིགས་བཙུགས་ཀྱི་ཆ་འཕྲིན་བསྡུ་ལེན་བྱས་ནས་ཉིན་ཐོའི་ཡིག་ཆའི་ནང་ཉར་ཚགས་བྱེད་ཀྱི་ཡོད། ཆ་འཕྲིན་དེའི་རིགས་འབྲེལ་དྲའི་གན་རྒྱ(IP)ས་གནས་དང་བཤེར་ཆས་ཀྱི་རིགས། འབྲེལ་དྲའི་ཞབས་ཞུ་མཁོ་འདོན་ཚོང་གཉེར་ཚན་པ་(ISP) ཤོག་ངོས་ཉར་སྤྱོད/ཕྱིར་འཐེན། བརྒྱུད་ཁོངས་བཀོལ་སྤྱོད། ཚེས་གྲངས/དུས་ཚོད་ཀྱི་ཚིགས/གནན་གྲངས་ཀྱི་གཞི་གྲངས་སོགས་སུ་ཚུད་ཡོད། ང་ཚོས་རང་འགུལ་གྱིས་བསྡུ་རུབ་བྱས་པའི་ཉིན་ཐོའི་གཞི་གྲངས་དང་། ང་ཚོས་བསྡུ་རུབ་བྱས་པའི་དེ་མིན་གྱི་ཆ་འཕྲིན་ཕན་ཚུན་འབྲེལ་མི་སྲིད།
  • བརྡ་ཁྱབ། ང་ཆོ་དང་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚན་པ་དང་ལས་སྒོའི་མཉམ་ལས་རོགས་ཟླ(ཆ་འཕྲིན་ཞིབ་ཕྲ་དེ་བས་མང་བ་གཤམ་གྱི་“ང་ཚོས་ཇི་ལྟར་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་མཉམ་སྤྱོད་དང་། སྤོ་བསྒྱུར། སྤྱི་བསྒྲགས་སོགས་བྱེད”ཅེས་པར་ཟུར་ལྟ་གནང་རོགས)མཉས་ལས་བྱས་པ་དང་ང་ཚོའི་དྲ་ཚུགས་ཐོག་བརྡ་ཁྱབ་བཏོན་པའམ་ང་ཚོའི་དྲ་ཚུགས་གཞན་གྱི་བརྡ་ཁྱབ་ལ་དོ་དམ་བྱེད་ཀྱི་ཡོད། ང་ཚོའི་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚནས་པས་cookieལ་སོགས་པའི་ལག་རྩལ་བེད་སྤྱད་ནས་ཁྱེད་ཀྱི་དྲ་ཚུགས་གཞན་ཐོག་གི་བྱེད་སྒོའི་ཆ་འཕྲིན་སོགས་བསྡུ་རུབ་བྱེད་པ་དང་ཁྱེད་ཉིད་ཀྱི་དགའ་ཕྱོགས་ལྟར་བརྡ་ཁྱབ་མཁོ་འདོན་བྱེད། ང་ཚོས་ཁྱེད་ལ་བརྡ་ཁྱབ་མཁོ་འདོན་མ་བྱས་པའི་སྔོན་དུ། ཁྱེད་ཀྱི་ཆོག་མཆན་ཁ་གསལ་ཐོབ་པར་བྱེད། གལ་སྲིད་དེ་དག་ཁྱེད་ཉིད་ཀྱི་དགའ་ཕྱོགས་སུ་མི་མཁོ་ཚེ་དྲ་ཚུགས་(http://preferences-mgr.truste.com)ལ་འཛུལ་ནས་ཕྱིར་འཐེན་བྱེད་ཆོག
  • འགུལ་བསྐྱོད་དབྱེ་ཞིབ། འཁྱེར་འཕྲིན་ཉེར་སྤྱོད་འགའ་ཡི་ཁྲོད་ང་ཚོས་འགུལ་བསྐྱོད་དབྱེ་ཞིབ་མཉེན་ཆས་བེད་སྤྱད་ནས་ཁྱེད་ཉིད་ཀྱི་ལག་ཐོགས་ཁ་པར་ནང་ནུས་པ་དེ་དེ་བས་ལེགས་པ་རྒྱུས་མངའ་ཡོང་བ་བྱེད་ཀྱི་ཡོད། མཉེན་ཆས་དེ་རིགས་ཀྱིས་རྒྱུན་སྤྱོད་བརྒྱུད་རིམ་གྱི་འགུལ་ཚད་དང་དེའི་ནང་དུ་ལྷག་པའི་དོན་རྐྱེན་བསགས་ནས་སྤྱོད་པ། ནུས་པའི་གཞི་གྲངས་ཀྱི་འགུལ་ཚད་དང་རྒྱུན་སྤྱོད་བརྒྱུད་རིམ་དུ་ལྷག་པའི་དོན་རྐྱེན་གྱི་གནས་ཡུལ་སོགས་ཐོ་བཀོད་བྱེད་ཐུབ། ང་ཚོས་དབྱེ་ཞིབ་མཉེན་ཆས་ནང་གི་ཆ་འཕྲིན་དག་ཁྱེད་ཀྱི་འགུལ་སྐྱོད་རྒྱུན་སྤྱོད་བརྒྱུད་རིམ་ནང་ཡོད་པའི་སྒེར་གྱི་ཆ་འཕྲིན་ནང་གཏུགས་མི་སྲིད།
  • ས་གནས་འདི་གའི་གསོག་ཉར། - HTML5/Flash ང་ཚོས་རང་སའི་གསོག་ཉར་དམིགས་ཡུལ་(LSO)དཔེར་ན་ HTML5དང་ Flash ནང་དོན་དང་དགའ་ཕྱོགས་གསོག་ཉར། ཁྱེད་ཀྱིས་ང་ཚོ་དང་མཉམ་ལས་ཀྱིས་ང་ཚོའི་དྲ་ཚིགས་ཐོག་ཏུ་བྱེད་ནུས་ཁག་ཅིག་མཁོ་འདོན་དང་ཡང་ན་ཁྱེད་ཀྱི་དྲ་ཚིགས་ལྟ་བཤེར་བྱ་སྤྱོད་ཀྱིས་བརྡ་ཁྱབ་མཁོ་སྤྲོད་བྱས་ནས་ཕྱོགས་གསུམ་པས་ཀྱང་ HTML5ཡང་ན་ Flash cookieབརྒྱུད་འབྲེལ་ཡོད་ཆ་འཕྲིན་བསྡུ་རུབ་དང་གསོག་ཉར་བྱེད་ཀྱི་ཡོད། བཤེར་ཆས་སྣ་ཚོགས་ཀྱིས་རང་རང་གི་དོ་དམ་ཡོ་བྱད་མཁོ་འདོན་བྱས་ནས་ HTML5 རངསའི་གསོག་ཉར་བྱེད་ཡུལ་སུབ་ཀྱི་ཡོད། གལ་སྲིད་ Flash Cookieལ་དོ་དམ་བྱ་འདོད་ཚེ། གཤམ་གྱི་འབྲེལ་ཐག་ལ་གནོན་དང་།http://www.macromedia.com/support/documentation/en/flashplayer/help/settings_manager07.html

3 ང་ཚོས་ཇི་ལྟར་ཁྱེད་ཀྱི་མི་སྒེར་ཆ་འཕྲིན་དག་མཉམ་སྤྱོད་དང་བརྒྱུད་སྤྲོད། ཡོངས་བསྒྲགས་བྱེད།

3.1 མཉམ་སྤྱོད།

ང་ཚོས་མི་སྒེར་གྱི་ཆ་འཕྲིན་གང་རུང་ཕྱོགས་གསུམ་པར་ཕྱིར་འཚོང་བྱེད་མི་སྲིད།

ང་ཚོས་སྐབས་རེར་ཕྱོགས་གསུམ་པར(མཚན་ཉིད་གཤམ་དུ་གསལ)ཁྱེད་ཀྱི་མི་སྒེར་ཆ་འཕྲིན་མཉམ་སྤྱོད་བྱས་ནས། ཚོའི་ཐོན་རྫས་སམ་ཞབས་ཞུ་མཁོ་འདོན་ཇེ་ལེགས་སུ་གཏོང་ཞིང་ད་དུང་དེར་ཁྱེད་ཀྱི་རེ་བ་ལྟར་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱེད་དགོས་པར་ཡང་འདུས་ཡོད། གལ་ཏེ་ཁྱོད་ཀྱིས་ང་ཚོས་ཆ་འཕྲིན་འདི་དག་མཉམ་སྤྱོད་བྱེད་པར་མོས་མཐུན་མེད་ཚེ། གློག་རྡུལ་སྦྲག་རྟགས་privacy@xiaomi.comའདི་བརྒྱུད་ནས་ང་ཚོར་འབྲེལ་བ་བྱས་ཆོག

3.1.1 ཁྱེད་ཀྱིས་རང་འགུལ་ངང་བདམས་པའི་མཉམ་སྤྱོད།

ཁྱེད་ཀྱི་མོས་མཐུན་གསལ་པོ་དང་རང་འགུལ་གྱི་གདམ་ག་ཐོབ་པའི་གནས་ཚུལ་འོག ཁྱེད་ཀྱིས་གཏན་འཁེལ་བྱས་ཤིང་མཉམ་སྤྱོད་དབང་ཆ་གནང་པའི་ཕྱོགས་གསུམ་པའི་ཁྱབ་ཁོངས་ནང་གི་ཆ་འཕྲིན་དག་མཉམ་སྤྱོད་བྱེད་དགོས། དཔེར་ན། ཁྱེད་ཀྱིས་ཞའོ་མཱི་ཡི་ཐོ་ཨང་སྟབས་བདེ་བཀོལ་ནས་ཕྱོགས་གསུམ་པའི་དྲ་ཚུགས་སུ་ཞུགས་པའམ་APPསྤྱོད་པ།

3.1.2 ང་ཚོའི་ཚོགས་པར་ཆ་འཕྲིན་མཉམ་སྤྱོད་བྱེད་པ།

ཚོང་ལས་བདེ་བླགས་ངང་གཉེར་སྟེ་ཁྱེད་ལ་ཐོན་རྫས་སམ་ཞབས་ཞུའི་ནུས་པ་ཆ་ཚང་མཁོ་འདོན་བྱེད་ཆེད། ང་ཚོས་དུས་ངེས་མེད་དུ་ཞའོ་མཱི་དང་འབྲེལ་ཡོད་ཀྱི་ཀུང་སི་གཞན་ལ་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་མཉམ་སྤྱོད་བྱེད་སྲིད།

3.1.3 ང་ཚོའི་ཚོགས་པའི་སྐྱེ་ཁམས་བརྒྱུད་ཁོངས་དང་ཆ་འཕྲིན་མཉམ་སྤྱོད་བྱེད་པ།

ཞའོ་མཱི་དང་རང་གི་ཁྱད་ཆོས་འབུར་དུ་ཐོན་པའི་ཀུང་སི་ཚོགས་པ་ཞིག་དང་མཉམ་ལས་བྱས་ཏེ། མཉམ་དུ་ཞའོ་མཱི་ཡི་སྐྱེ་ཁམས་བརྒྱུད་ཁུངས་གྲུབ། ཞའོ་མཱི་ཡི་སྐྱེ་ཁམས་ཀུང་སི་ནི་ཞའོ་མཱི་ཡིས་མ་འཇོག་དང་འཁོར་སྐྱོད་ཚོང་གཉེར་བྱས་པའི་རང་རྐྱ་འཕེར་བའི་གདོས་བཅས་ཤིག་ཡིན་པ་མ་ཟད། དེའི་ཁྱབ་ཁོངས་ཀྱི་ཆེད་ལས་མཁས་པ་ཡང་ཡིན། ཁྱེད་ལ་ཞའོ་མཱི་ཡི་སྐྱེ་ཁམས་ཀུང་སིའི་ལེགས་གྲས་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱེད་པའི་ཆེད།(མཉེན་ཆས་དང་མཁྲེགས་ཆས་ཚུད)ཞའོ་མཱི་ཡིས་སྐྱེ་ཁམས་ཀུང་སི་ལ་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་སྲིད། ཐོན་རྫས་དང་ཞབས་ཞུ་འགའ་ཤས་ད་དུང་ཞའོ་མཱི་ཡི་ཚོང་རྟགས་བེད་སྤྱད་ཀྱི་ཡོད། འོན་ཀྱང་ཐོན་རྫས་གཞན་རང་ཉིད་ཀྱི་ཚོང་རྟགས་སྤྱད་སྲིད། ཞའོ་མཱི་སྐྱེ་ཁམས་བརྒྱུད་ཁོངས་ཀུང་སིས་དུས་ཚོད་ངེས་མེད་ཐོག་ཞའོ་མཱི་མཉམ་སྤྱོད་དང་ཞའོ་མཱི་ཚོང་རྟགས་ཀྱི་ཐོན་རྫས། ཞབས་ཞུ་དང་འབྲེལ་བའི་གཞི་གྲངས། མཉེན་ཆས་དང་མཁྲེགས་ཆས་ཀྱི་ཞབས་ཞུ་མཁོ་འདོན་བྱ་བ་སྟེ། མཁོ་མཁན་ལ་དེ་བས་ལེགས་པའི་ནུས་པ་མྱོང་བ་མཁོ་འདོན་བྱ། གལ་ཏེ་ཞའོ་མཱི་ཡིས་རང་ཉིད་ཀྱི་མ་རྩ་ཡོངས་རྫོགས་ཡང་ན་ཆ་ཤས་ཟླ་སྒྲིལ་དང་ཉོ་སྒྲུབ། འཚོང་བ་བཅས་ལ་ཞུགས་ཚེ། ང་ཚོས་གློག་རྡུལ་འཕྲིན་ཡིག་དང་དྲ་ཚུགས་ཐོག་མངོན་གསལ་དོད་པའི་ངང་བརྡ་ཐོག་ཁྱབ་སྒྲོག་བྱེད་ཀྱི་ཡིན། ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བདག་དབང་དང་། བེད་སྤྱོད་བྱེད་པའི་ཐོག་གི་འགྱུར་བ་མཐའ་དག དེ་བཞིན་ཁྱེད་ལ་དབང་སྲིད་པའི་མི་སྒེར་གྱི་ཆ་འཕྲིན་གདམས་ག་མཐའ་དག་ལ་ཁྱབ་སྒྲོག་བྱེད།

3.1.4 ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་བྱེད་མཁན་དང་ལས་སྒོའི་མཉམ་ལས་རོགས་ཟླའི་མཉམ་སྤྱོད།

ཁྱེད་ལ་སྒེར་གྱི་གསང་དོན་སྲིད་ཇུས་དམིགས་ཡུལ་གྱི་ཞབས་ཞུ་མཁོ་འདོན་འགན་ལེན་བྱ་ཆེད། ང་ཚོས་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་གཉེར་དང་ལས་སྒོའི་མཉམ་ལས་རོགས་ཟླ་སོགས་ལ་དགོས་ངེས་ཀྱི་མི་སྒེར་གྱི་ཆ་འཕྲིན་མཉམ་སྤྱོད་བྱེད་སྲིད།

དེར་ང་ཚོའི་ཟོག་འདྲེན་མཁོ་འདོན་ཚོང་ལས་དང་གཞི་གྲངས་ལྟེ་གནས། གཞི་གྲངས་གསོག་འཇོག་སྒྲིག་བཀོད། ཚོང་མགྲོན་ཞབས་ཞུ་མཁོ་འདོན། བརྡ་ཁྱབ་དང་ཚོང་གཉེར་ཞབས་ཞུ། དེ་བཞིན་ལས་སྒྲུབ་མཉམ་ལས་རོགས་ཟླ་གཞན་དག་བཅས་ཚུད་ཡོད། ཕྱོགས་གསུམ་པ་དེ་དག་གིས་ཞའོ་སྨིའམ་ཡང་ན་སྒེར་གྱི་གསང་དོན་སྲིད་ཇུས་ཀྱི་རྣམ་གྲངས་གཅིག་གམ་ཡང་ན་མང་པོ་ཞིག་གི་ཚབ་བྱས་ནས་ཁྱེད་རང་གི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱ་ངེས། ང་ཚོས་དྲང་བཞག་དང་ཁྲིམས་མཐུན། དགོས་ངེས། དམིགས་བསལ། ཁ་གསལ་བཅས་ཀྱི་མཉམ་སྤྱོད་ཆ་རྐྱེན་ཁོ་ནའི་ཐོག་ནས་ཁྱེད་ལ་ཞབས་འདེགས་ཞུ་བར་མཁོ་བར་མི་སྒེར་གྱི་ཆ་འཕྲིན་མཉམ་སྤྱོད་བྱེད་དགོས། ཞའོ་མཱི་ཡིས་རང་འགན་བརྟག་དཔྱད་བྱེད་ཅིང་གན་རྒྱ་འཇོག་ཅིང་། ཕྱོགས་གསུམ་པའི་ཞབས་ཞུ་འདོན་སྤྲོད་བྱེད་ཁུལ་གྱི་གསང་ཁྲིམས་དམ་འཛིན་བྱེད་པར་ཁག་ཐེག་ཐོབ་ཆེད་ཡིན། ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་མི་སྣས་ཀྱང་དེར་ལྟ་རྟོག་དང་དོ་དམ་བྱེད་བཞིན་ཡོད།

ཕན་འབྲས་ལྡན་པའི་ཚད་འཇལ་དང་དབྱེ་ཞིབ་ཚོང་ལས་ཞབས་ཞུ་གཞན་པར་མཁོ་འདོན་བྱེད་ཆེད། ང་ཚོས་ད་དུང་ཕྱོགས་སྡོམ་གྱི་རྣམ་པས་ཕྱོགས་གསུམ་པ(ང་ཚོའི་དྲ་བའི་ཐོག་གི་བརྡ་ཁྱབ་ཚོང་པ་ལྟ་བུ)དང་ཆ་འཕྲིན་མཉམ་སྤྱོད་བྱེད་སྲིད།(མི་སྒེར་མ་ཡིན་པའི་ཆ་འཕྲིན)ང་ཚོས་ངོས་བཟུང་ཆ་འཕྲིན་ལ་བརྟེན་ནས་མཚམས་སྦྱོར་བརྡ་ཁྱབ་ཀྱི་བདག་པོ་དང་མཉམ་ལས་རོགས་ཟླ་གཞན་དག་ལ་རོགས་རམ་བྱས་ཏེ་ཁོ་ཚོའི་བརྡ་ཁྱབ་དང་ཞབས་ཞུའི་ཕན་འབྲས་ཀྱི་གནས་ཚུལ་དཔྱད་ཞིབ་བྱེད་པ་མ་ཟད། ཁོ་ཚོའི་ཞབས་ཞུ་བེད་སྤྱོད་བྱེད་པའི་མི་ཚོགས་ཀྱི་རིགས་དང་དེ་བཞིན་མི་རྣམས་ཀྱིས་ཇི་ལྟར་བྱས་ཏེ་དེའི་དྲ་ཚིགས་དང་ཉེར་སྤྱོད། ཞབས་ཞུ་བཅས་ཀྱི་ཐད་ཕན་ཚུན་སྤེལ་རེས་བྱེད་དགོས་པའི་སྐོར་ཀྱི་འཕེལ་ཕྱོགས་རྒྱུས་ལོན་བྱས། དཔེར་ན།ཐོན་རྫས་ཁ་ཤས་ཉོ་བའམ་ཡང་ན་ཉོ་ཚོང་ཁ་ཤས་བྱེད་པའི་དམིགས་བསལ་གྱི་མི་ཚོགས་ཁྲོད་ཀྱི་མཁོ་མཁན་གྲངས་འབོར་ལྟ་བུ།

3.1.5 གཞན་དག

བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བླང་བྱ་དང་བཅའ་ཁྲིམས་ཀྱི་བྱ་རིམ། གཏུག་བཤེར་དང་/ཡང་ན་སྤྱི་པའི་སྒྲིག་གཞི། སྲིད་གཞུང་སྡེ་ཁག་གིས་ཁྲིམས་ལྟར་བཏོན་པའི་བླང་བྱ་བཞིན། ཞའོ་མཱི་ཡིས་ཁྱེད་ཀྱི་མི་སྒེར་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས་ངེས་རེད། གལ་ཏེ་ང་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁྲིམས་སྐྱོང་། ཡང་ན་སྤྱི་དམངས་ཀྱི་གལ་ཆེའི་རང་བཞིན་ཡོད་པའི་དོན་དག་གཞན་གྱི་ངོས་ནས་བཤད་ན། ཁྱབ་བསྒྲགས་དེ་ནི་ངེས་པར་དུ་བྱེད་དགོས་པ་དང་འོས་འཚམ་ཡིན་ངེས་ལ། ང་ཚོས་ཀྱང་ཁྱེད་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་སྲིད།

གལ་ཏེ་ང་ཚོས་འབྲེལ་ཡོད་དོན་ཚན་ལག་བསྟར་བྱ་ཆེད་དང་ཡང་ན་ང་ཚོའི་ཚོང་གཉེར་དང་ཁེ་དབང་། རྒྱུ་ནོར། ཐོན་རྫས། ཡང་ན་འཛད་སྤྱོད་པར་སྲུང་སྐྱོབ་བྱེད་ཆེད་ཀྱི་དམིགས་ཡུལ་དུ(མགོ་སྐོར་དང་དབང་ཆ་མེད་པར་ཐོན་རྫས་བེད་སྤྱོད་བྱེད་པ་དང་། ང་ཚོའི་གྲོས་མཐུན་དང་སྲིད་ཇུས་ལ་འགལ་བའམ་དེ་མིན་གྱི་གནོད་ཅན་ནམ་ཁྲིམས་འགལ་གནད་དོན་ལ་ཞིབ་བཤེར་དང་ཐག་གཅོད་བྱེད་པ།)ཆ་འཕྲིན་ཕྱིར་བསྒྲགས་བྱེད་པ་བཅས་ནི་ལུགས་མཐུན་དང་དགོས་ངེས་ཤིག་ཡིན་ལ། ང་ཚོས་ཀྱང་ཁྱོད་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་སྲིད། (དོགས་གནད་གྲོལ་ཆེད་དུ། ས་གནས་དེ་གའི་གཞི་གྲངས་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས་ནང་གཏན་འབེབས་གསལ་པོ་བྱས་ཡོད་པའི་ཁྱབ་ཁོངས་སུ་ཚུད་ཡོད་ཅིང་གནས་ཚུལ་རྐྱང་བའི་ཆ་རྐྱེན་ལྡན་ཡོད་ཚེ། ཞའོ་མཱི་ཀུང་སིས་ཁྱེད་ཀྱི་མོས་མཐུན་མ་ཐོབ་ཀྱང་མི་སྒེར་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་དམ་ཁྱབ་བསྒྲགས་བྱེད་ངེས།)དེར་སྤྱིའམ་སྲིད་གཞུང་ལས་ཁུངས་ལ་བརྡ་འཕྲིན་འདོན་སྤྲོད་བྱེད་པ་ཡང་ཚུད་ཡོད་ཤས་ཆེ། ཕྱོགས་གསུམ་པའི་མཉམ་ལས་རོགས་ཟླ་དང་འབྲེལ་བའི་ཁྱེད་ཀྱི་བློས་འགེལ་ཐུབ་པའི་རྩིས་ཨང་ཆ་འཕྲིན་སྤེལ་རེས་བྱས་ཏེ་ང་ཚོའི་ཐོན་རྫས་ཕྱི་ནང་དུ་སྤེལ་བའི་མགོ་སྐོར་དང་སྒྲིག་འགལ་སོགས་ཀྱི་གནོད་ཡོད་བྱ་སྤྱོད་ལ་སྔོན་འགོག་བྱེད་དགོས།

གཞན་ཡང་ང་ཚོས་གཤམ་གསལ་གྱི་མི་སྣ་དག་ལའང་ཁྱེད་ཀྱི་མི་སྒེར་ཆ་འཕྲིན་མཉམ་སྤྱོད་བྱེད་སྲིད་དེ།

  • ང་ཚོའི་རྩིས་གཉེར་བ་དང་རྩིས་བཤེར་པ། ཁྲིམས་རྩོད་པ་བཅས་སམ་དེ་དང་འདྲ་བའི་བློ་འདོན་པ། ང་ཚོས་ཁོ་ཚོར་ཆེད་ལས་ཀྱི་བསམ་འཆར་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། དེ་མིན།
  • མ་རྩ་གཏོང་མཁན་དང་གཞན་གྱི་འབྲེལ་ཡོད་ཕྱོགས་གསུམ་པ། གལ་སྲིད་དོན་དངོས་སམ་མི་མངོན་པའི་ཕྱིར་འཚོང་ངམ་ཡང་ན་སྤྱི་གཉེར་ཁང་གཞན་གྱི་ཉོ་ཚོང་བྱུང་བ་དང་། ཞའོ་མཱི་ཚོགས་པའི་ནང་ཁུལ་གྱི་དངོས་གཟུགས་དང་འབྲེལ་བ་ཡོད་སྐབས། དེ་མིན།
  • གཞན་གྱི་ཕྱོགས་གསུམ་པ་གང་རུང་ལ། གལ་སྲིད་ཁྱེད་ཀྱིས་དབང་ཆ་སྤྲད་ན་དམིགས་བསལ་གྱི་ཆ་འཕྲིན་ཁྱབ་བསྒྲགས་མཉམ་སྤྱོད་བྱེད་པ་རེད།

3.2 བརྒྱུད་སྤྲོད།

གཤམ་གྱི་གནས་ཚུལ་དག་ཕུད་པའི་ཆ་རྐྱེན་འོག ཞའོ་མཱི་ཡིས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་དག་གཞན་གང་ལའང་བརྒྱུད་སྤྲོད་བྱེད་མི་སྲིད།

  • ཁྱེད་ཀྱི་མོས་མཐུན་ཁ་གསལ་ཐོབ་ན།
  • གལ་སྲིད་ཞའོ་མཱི་ཡིས་རང་གི་ཐོན་ཁུངས་ཡོངས་དང་ཆ་ཤས་ཤིག་མཉམ་འདྲེས་དང་། ཉོ་སྒྲུབ། ཕྱིར་འཚོང་བཅས་བྱས་ཚེ། ང་ཚོས་གློག་རྡུལ་སྦྲག་ཟམ་དང་ཡང་ན་དྲ་ཚིགས་ཐོག་མངོན་གསལ་དོད་པའི་བརྡ་ཐོ་བཏང་སྟེ་ཁྱེད་ཀྱི་མི་སྒེར་ཆ་འཕྲིན་བདག་དབང་དང་བེད་སྤྱོད་ཐད་ཀྱི་འགྱུར་ལྡོག་གང་རུང་། དེ་བཞིན་རྗེས་ཀྱི་གདམ་ཀ་དང་འབྲེལ་བའི་གནས་ཚུལ་རྣམས་གསལ་ཁ་གཏོང་ངེས།

3.3 ཡོངས་ཁྱབ་ཕྱིར་བསྒྲགས།

བྱེད་སྒོའི་ཁྲོད་བྱ་དགའ་ཐོབ་པའི་མིང་ཐོ་ཁྱབ་བསྒྲགས་བྱེད་སྐབས་གང་དེའི་ཁ་པར་ཨང་གྲངས་དང་ཞའོ་མཱི་རྩིས་ཨང་། མིང་ཐོ་བཅས་འགྲེམས་སྟོན་བྱེད་པ་ཕུད། ཞའོ་མཱི་ཡིས་གཤམ་གྱི་གནས་ཚུལ་ཁོ་ནའི་འོག་ཏུ་ད་གཟོད་ཁྱེད་ཀྱི་མི་སྒེར་ཆ་འཕྲིན་ཡོངས་ཁྱབ་ཕྱིར་བསྒྲགས་བྱ་རྒྱུ་སྟེ།

  • ཁྱེད་ཀྱི་མོས་མཐུན་ཁ་གསལ་ཐོབ་ན།
  • ཁྲིམས་ལུགས་དང་ལུགས་མཐུན་གྱི་གཞི་འཛིན་སའི་ཡོངས་ཁྱབ་ཕྱིར་བསྒྲགས། དེའི་ནང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཚད་གཞི་དང་བཅའ་ཁྲིམས་ཀྱི་བྱེད་རིམ། གཏུག་བཤེར་རམ་ཡང་ན་སྲིད་གཞུང་གི་གཙོ་སྐྱོང་སྡེ་ཁག་གི་བླང་བྱ་དང་ལེན་བྱེད་པ་བཅས་འདུས་ཡོད།

4 ང་ཚོས་ཇི་ལྟར་ཁྱེད་རང་གི་མི་སྒེར་གྱི་ཆ་འཕྲིན་ཉར་ཚགས་དང་སྲུང་སྐྱོབ་བྱེད་དགོས།

4.1 ཞའོ་མཱི་ཡི་བདེ་འཇགས་བྱ་ཐབས

ང་ཚོས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ལ་འགན་ལེན་བྱེད། དབང་སྤྲོད་མ་ཐོབ་པའི་་བལྟ་ཀློག་དང་ཁྱབ་བསྒྲགས་ཡང་ན་དེ་མཚུངས་ཀྱི་ཉེན་ཁ་འགོག་པའི་ཆེད། ང་ཚོས་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་དངོས་ལུགས་དང་གློག་རྡུལ། དོ་དམ་བྱ་ཐབས་གོ་རིམ་དོན་ཐོག་ཏུ་འཁྱོལ་ནས། ཁྱེད་ཀྱི་འགུལ་བདེའི་སྒྲིག་ཆས་དང་ཞའོ་མཱི་དྲ་ཚུགས་ཐོག་ནས་བསྡུ་རུབ་བྱས་པའི་ཆ་འཕྲིན་ལ་སྲུང་སྐྱོབ་བྱས་ཏེ། ང་ཚོས་འོས་འཚམ་གྱི་བྱ་ཐབས་མཐའ་དག་སྤྱད་ནས་ཁྱེད་ཀྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད།

དཔེར་ན། ཁྱེད་ཀྱིས་ཞའོ་མཱི་ཡི་ཐོ་ཨང་ལ་ལྟ་བའི་སྐབས། ཁྱེད་ཀྱི་ང་ཚོའི་གོ་རིམ་གཉིས་བརྒྱུད་ནས་ཚོད་ལྟས་ར་སྤྲོད་བྱས་ནས་བདེ་འཇགས་ལེགས་སུ་གཏོང་བའི་འགན་ལེན་བྱ་ཐུབ། ཁྱེད་ཀྱིས་ཞའོ་མཱི་སྒྲིག་ཆས་ཐོག་ནས་ང་ཚོའི་ཞབས་ཞུའི་འཕྲུལ་འཁོར་ལ་ཆ་འཕྲིན་བསྐུར་བ་དང་ལེན་བྱེད་པའི་སྐབས། ང་ཚོས་བདེ་འཇགས་འབྲེལ་རིམ་(SSL)དང་གཞན་གྱི་ཐོག་ནས་སྒོ་ལྕགས་བརྒྱབ་ཀྱི་ཡོད།

ཁྱེད་ཀྱི་མི་སྒེར་ཆ་འཕྲིན་ཚང་མ་བདེ་འཇགས་ཀྱི་ཞབས་ཞུའི་འཕྲུལ་ཆས་སུ་ཉར་ཚགས་བྱས་པར་མ་ཟད་ཚོད་འཛིན་ཐེབས་པའི་སྒྲིག་ཆས་ཀྱིས་སྲུང་སྐྱོབ་བྱས་ཡོད། ང་ཚོས་གལ་ཆེའི་རང་བཞིན་དང་ཚོར་སྐྱེན་རང་བཞིན་ལ་གཞིགས་ཏེ་ཁྱེད་ཀྱི་གཞི་གྲངས་རིགས་དབྱེ་བྱེད་ལ། མི་སྒེར་ཆ་འཕྲིན་ལའང་དེ་མཚུངས་ཀྱི་བདེ་འཇགས་འགན་ལེན་བྱས་ཡོད། དེ་དང་འདྲ་བར་ང་ཚོས་སྤྲིན་གཞི་རུ་བྱས་པའི་གཞི་གྲངས་གསོག་འཇོག་བྱེད་པར་ཆེད་དམིགས་ཀྱི་ལྟ་ཞིབ་དང་ཚོད་འཛིན་བྱེད་ཐབས་བཀོལ་ཡོད་ཅིང་། དུས་བཀག་ལྟར་ཆ་འཕྲིན་བསྡུ་ལེན་དང་གསོག་འཇོག ཐག་གཅོད་བཅས་ཀྱི་ལག་ལེན་ལ་ཞིབ་བཤེར་བྱེད་བཞིན་ཡོད། ལྷག་དོན་དངོས་ལུགས་བདེ་འཇགས་ཀྱི་བྱེད་ཐབས་བཀོལ་སྟེ། དབང་སྤྲོད་མིན་པའི་འདྲི་སྤྱོད་དང་བེད་སྤྱོད་གང་རུང་ལ་སྔོན་འགོག་བྱེད་ཀྱིན་ཡོད།

ང་ཚོས་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་ལས་དང་ལས་སྒྲུབ་མཉམ་ལས་རོགས་ཟླར་བརྟག་དཔྱད་བྱས་ཏེ། ཁོང་ཚོར་ཁྱེད་ཀྱི་མི་སྒེར་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཡོད་པའི་ཁག་ཐེག་བྱས་ཡོད། ང་ཚོས་ད་དུང་འོས་འཚམ་གྱི་གན་རྒྱའི་ཚོད་འཛིན་ལག་བསྟར་བྱེད་ཅིང་། དགོས་ངེས་སུ་ཕྱོགས་གསུམ་པས་འོས་འཚམ་གྱི་བདེ་འཇགས་ཚད་གཞི་སྲུང་སྐྱོང་བྱས་ཡོད་མེད་ལའང་ཞིབ་བཤེར་དང་ལྟ་སྐྱོང་བྱ་ངེས། དེ་མིན། ང་ཚོར་བརྡ་འཕྲིན་འདི་དག་བརྒྱུད་ནས་ཁྱེད་ལ་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་པའི་ལས་མི་དང་ཕྱོགས་གསུམ་པའི་ཞབས་ཞུ་འདོན་སྤྲོད་བྱེད་པའི་ཚོང་བ། ལས་སྒྲུབ་མཉམ་ལས་ཀྱི་གྲོགས་པོ་བཅས་ལ་གཟབ་ནན་ངང་མི་སྒེར་ཆ་འཕྲིན་གསང་བའི་འོས་འགན་ཡོད།

ང་ཚོས་བདེ་འཇགས་དང་སྒེར་གྱི་གསང་དོན་སྲུང་སྐྱོང་ཐད་ཀྱི་གསོ་སྦྱོང་སློབ་ཚན་དང་ལག་ལེན་བརྒྱུད་དེ་ང་ཚོའི་ལས་མིས་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱ་ཤུགས་ཆེ་རུ་གཏོང་ངེས། ང་ཚོས་ཁྲིམས་ལུགས་བླང་བྱ་དང་ལག་བསྟར་ཡོད་པའི་བྱ་ཐབས་ཡོད་ཚད་སྤྱད་ནས་ཁྱེད་ཀྱི་མི་སྒེར་ཆ་འཕྲིན་ལ་སྲུང་སྐྱོབ་བྱ་དགོས། འོན་ཀྱང་། ཁྱོད་ཀྱིས་མཉམ་སྦྲེལ་དྲ་བ་བཀོལ་སྤྱོད་བྱེད་སྐབས་ཀྱི་རྟག་པར་བདེ་འཇགས་མིན་པའི་གནས་ཚུལ་དེ་རྟོགས་དགོས། དེ་བས་ང་ཚོས་མཉམ་སྦྲེལ་དྲ་བ་བརྒྱུད་ནས་ཕྱོགས་གཉིས་སུ་སྐྱེལ་འདྲེན་བྱེད་སྐབས་མི་སྒེར་ཆ་འཕྲིན་གང་རུང་གི་བདེ་འཇགས་རང་བཞིན་དང་འཐུས་ཚང་རང་བཞིན་ལ་ཁག་ཐེག་བྱེད་མི་ཐུབ།

ང་ཚོས་སྤྱོད་འཐུས་ཀྱི་གཞི་གྲངས་སྲུང་སྐྱོང་ཁྲིམས་སྲོལ་ལ་གཞིར་ནས་མི་སྒེར་གྱི་གཞི་གྲངས་ཕྱིར་བསྒྲགས་ཀྱི་གནད་དོན་ཐག་གཅོད་བྱེད་ངེས། དགོས་ངེས་ཀྱི་སྐབས་སུ། དུས་ལྟར་འབྲེལ་ཡོད་ལྟ་སྐུལ་ལས་ཁུངས་དང་གཞི་གྲངས་གཙོ་གཟུགས་དང་འབྲེལ་བའི་གཞི་གྲངས་ཕྱིར་བསྒྲགས་དོན་རྐྱེན་ལ་བརྡ་གཏོང་ངེས།

4.2 ཁྱེད་ཀྱིས་ག་རེ་བྱེད་ཐུབ་བམ།

ཁྱེད་ཀྱིས་མི་སུ་ལའང(མི་གཞན་ལ་ཁྱེད་ཀྱི་ཆོག་མཆན་ཐོབ་ན་མ་གཏོགས)ཁྱེད་ཀྱི་འཛུལ་བྱེད་གསང་གྲངས་དང་ཐོ་ཁོངས་ཀྱི་ཆ་འཕྲིན་ཤོད་མི་ཉན་ལ། ཞའོ་མཱི་ལ་གསང་གྲངས་ཀུན་དང་མི་མཐུན་པ་ཞིག་སྒྲིག་འགོད་བྱས་ནས། དྲ་ཚུགས་གཞན་གྱི་གསང་གྲངས་ཀྱིས་ཁྱེད་ཀྱི་གསང་གྲངས་སླུད་དེ་ཞའོ་མཱི་ཐོ་འགོད་ཨང་གྲངས་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་རྒྱུ་འགོག་ཐུབ། དུས་ནམ་ཡང་མི་སུ་ལའང(ཞའོ་མཱི་ཡི་ལས་མི་ཡིན་ཟེར་མཁན་ཡང་ཚུད)ཁྱེད་ལ་འབྱོར་བའི་ཞིབ་བཤེར་ཨང་རྟགས་བསྐུར་མི་ཉན། ཁྱེད་དུས་ནམ་ཡང་ཞའོ་མཱི་ཐོ་འགོད་ཨང་གྲངས་ཀྱི་ཞའོ་མཱི་ཐོ་འཇུག་བྱེད་སྐབས། དེ་བས་ཀྱང་མི་གཞན་གྱི་རྩིས་འཁོར་དང་སྤྱི་སྤྱོད་དྲ་འབྲེལ་ཐོག་ཐོ་འཇུག་བྱེད་སྐབས། བེད་སྤྱོད་བྱས་ཟིན་མཚམས་སུ་ཐོ་འགོད་ཨང་གྲངས་ཕྱིན་འདོན་བྱེད་དགོས།

ཁྱེད་ཀྱིས་རང་ཉིད་ཀྱི་ཆ་འཕྲིན་ལ་བདག་པོ་མི་བརྒྱབ་པར་ཕྱོགས་གསུམ་པས་ཁྱེད་ཀྱི་ཆ་འཕྲིན་ལ་བལྟས་ནས་བདེ་འཇགས་ཀྱི་ཉེན་ཁ་འཕྲད་པ་སོགས་ཀྱི་གནས་ཚུལ་ཐོན་ཚེ། དེའི་འགན་འཁྲི་ཞའོ་མཱི་ཡིས་མི་འཁུར། མ་གཞི་གོང་གི་གཏན་འབེབས་དག་ཡོད་མོད། གལ་ཏེ་དྲ་སྦྲེལ་ཐོག་གི་དབང་སྤྲོད་མེད་པར་ཁྱེད་ཀྱི་ཐོ་ཁོངས་སྤྱད་པའི་གནས་ཚུལ་དང་བདེ་འཇགས་ཀྱི་སྐྱོན་ཆ་ཐོན་ཚེ། ཁྱེད་ཀྱིས་ངེས་པར་དུ་འཕྲལ་མར་ང་ཚོར་འབྲེལ་བ་བྱེད་རོགས།

ཁྱེད་ཀྱིས་གཞོགས་འདེགས་བྱས་ན་ང་ཚོས་ཁྱེད་ཀྱི་ཆ་འཕྲིན་འགན་སྲུང་བྱེད་པར་ཕན་ཐོགས་ཡོད།

4.3 ཁྱེད་ཀྱི་སྒྲིག་ཆས་ཐོག་གི་བྱེད་ནུས་གཞན་ལ་འཇུག་པ།

ང་ཚོའི་ཉེར་སྤྱོད་བྱ་རིམ་ཀྱིས་ཁྱེད་ཀྱི་སྒྲིག་ཆས་ཐོག་གི་གཉེན་ཆས་ཁ་ཤས་ནང་འཛུལ་བའི་ཉེན་ཁ་ཡོད། དཔེར་ན། གློག་རྡུལ་ཡིག་ཆ་ཁ་ཕྱེ་ནས་ཁ་པར་གྱི་འབྲེལ་བ་བྱེད་མི་དང་འཕྲིན་ཐུང་ཉར་ཚགས། Wi-Fiདྲ་བའི་རྣམ་པ། དེ་མིན་གྱི་ནུས་པ་གཞན། ཆ་འཕྲིན་དེ་དག་ནི་ཉེར་སྤྱོད་བྱ་རིམ་ཁྱེད་ཀྱི་ཁ་པར་སྒྲིག་ཆས་ཐོག་ཏུ་འཁོར་སྐྱོད་བྱེད་རྒྱུར་བེད་སྤྱོད་པ་མ་ཟད་ཁྱེད་དང་འབྲེལ་བ་དམ་པོ་ཡོད། ཡུལ་དུས་གང་དུ་ཡིན་ཡང་ཁྱེད་ཀྱིས་སྒྲིག་ཆས་ཆུ་ཚད་བརྒྱུད་དེ་ཉེར་སྤྱོད་བྱ་རིམ་ཁ་རྒྱག་ཆོག་ལ་privacy@xiaomi.comབརྒྱུད་དེ་ང་ཚོ་དང་འབྲེལ་བ་བྱས་ནས་མེད་པ་བཟོས་ན་འགྲིག

4.4སོར་འཇོག་སྲིད་ཇུས།

ང་ཚོས་སྒེར་གྱི་གསང་དོན་སྲིད་ཇུས་འདི་དང་དེ་བཞིན་དམིགས་བསལ་གྱི་ཞབས་ཞུའམ་ཡང་ན་ཐོན་རྫས་ཀྱི་སྒེར་གྱི་གསང་དོན་སྲིད་ཇུས་ནང་བཤད་པའི་ཆ་འཕྲིན་བསྡུ་རུབ་ཀྱི་དམིགས་ཡུལ་ལ་དགོས་ངེས་ཀྱི་དུས་ཡུན་བཞག་ཡོད་ཅིང་། ཡང་ན་འབྲེལ་ཡོད་བཅའ་ཁྲིམས་ཀྱི་བླང་བྱ་ལྟར་སྒེར་གྱི་ཆ་འཕྲིན་སོག་འཇོག་བྱེད་དགོས། ཞིབ་ཕྲའི་སོར་འཇོག་དུས་ཡུན་དམིགས་བསལ་གྱི་ཞབས་ཞུ་དང་འབྲེལ་ཡོད་ཐོན་རྫས་ཀྱི་དྲ་ངོས་སུ་གསལ། མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་ཀྱི་དམིགས་ཡུལ་གྲུབ་པའམ་ཡང་ན་ཁྱེད་ཀྱི་རྩིས་ཨང་སུབ་པའི་གནས་ཚུལ་འབྱོར་བ། ཡང་ན་ང་ཚོས་དེ་མཚུངས་ཀྱི་ཐོན་རྫས་སམ་ཞབས་ཞུ་གཉེར་མཚམས་བཞག་པ། གོང་གསལ་ཆ་རྐྱེན་དག་གི་འོག་ང་ཚོས་མི་སྒེར་ཆ་འཕྲིན་སོར་འཇོག་མི་བྱེད་ཅིང་གཙང་ཞིབ་ཐག་གཅོད་བྱེད་ངེས། དམིགས་བསལ་གྱི་གནས་ཚུལ་ཡང་ཡོད་དེ། གལ་ཏེ་སྤྱི་ཕན་དང་ཚན་རིག ལོ་རྒྱུས་བཅས་ལ་ཞིབ་འཇུག་དང་བསྡོམས་རྩིས་བྱེད་པའི་དམིགས་ཡུལ་ལྟར་མི་སྒེར་གྱི་ཆ་འཕྲིན་མཁོ་བ་ཡིན་ན། ཞའོ་མཱི་ཡིས་སྤྱོད་རུང་བཅའ་ཁྲིམས་སམ་ཡང་ན་ཁྱེད་ཀྱི་རེ་ཞུ་ལྟར་འབྲེལ་ཡོད་གྲངས་གཞི་མུ་མཐུད་སོར་འཇོག་བྱེད་ངེས། འོན་ཀྱང་། རྗེས་ཀྱི་གཞི་གྲངས་འགྱུར་ལྡོག་གང་ཡང་སྔོན་གྱི་བསྡུ་རུབ་དམིགས་ཡུལ་དང་འབྲེལ་བ་ཅི་ཡང་མེད་ངེས།

5 ཁྱེད་ཀྱི་ཁེ་དབང་།

ཁྱེད་ལ་མི་སྒེར་གྱི་ཆ་འཕྲིན་ལ་ཚོད་འཛིན་བྱེད་པའི་དབང་ཆ་ཡོད།

5.1 ཚོད་འཛིན་སྒྲིག་འགོད།

ཞའོ་མཱི་ཡིས་སོ་སོའི་གསང་དོན་དབང་ཆར་དོ་སྣང་བྱེད་ཕྱོགས་མི་འདྲ་བ་ཤེས། དེར་བརྟེན། ང་ཚོས་དཔེ་མཚོན་འགའ་མཁོ་འདོན་བྱས་ཏེ། ཞའོ་མཱི་ཡིས་མཁོ་འདོན་བྱས་པའི་ཐབས་ཤེས་སྣ་ཚོགས་གསལ་བཤད་བྱས་ནས་ཁྱེད་ཀྱིས་གདམ་ག་བྱེད་ཆོག་པ་དང་། ཉིད་ཀྱི་མི་སྒེར་གྱི་ཆ་འཕྲིན་འཚོལ་སྡུད་དང་བཀོལ་སྤྱོད། ཕྱིར་བསྒྲགས་དང་ཡང་ན་ཐག་གཅོད་བྱེད་པར་ཚོད་འཛིན་བྱེད་པ་དང་། ཁྱེད་ཀྱི་གསང་དོན་དབང་ཆ་སྒྲིག་འགོད་ལ་ཚོད་འཛིན་བྱེད་པ་རེད།

  • སྤྱོད་མཁན་གྱི་ཉམས་ལེན་འཆར་གཞི་དང་ས་གནས་ལྟ་སྤྱོད་བྱེད་ནུས་ཁ་ཕྱེ་བའམ་སྒོ་རྒྱག་པ།
  • ཞའོ་མཱི་ཐོ་ཁོངས་ནང་ཐོ་འཇུག་གམ་ཕྱིར་ཐོན་བྱ་དགོས།
  • ཞའོ་མཱི་སྤྲིན་གོམ་མཉམ་ཞེས་པའི་གཉེན་ཆས་ཁ་ཕྱེ་བའམ་ཁ་བཀག་པ། དེ་བཞིན།
  • i.mi.comལ་བརྟེན་ནས་ཞའོ་མཱི་ནང་དུ་གསོག་ཉར་བྱས་ཡོད་པའི་ཆ་འཕྲིན་གང་རུང་སུབ་པ།
  • ཚོར་སྐྱེན་དང་སྒེར་གྱི་ཆ་འཕྲིན་གྱི་ཞབས་ཞུ་དང་བྱེད་ནུས་ཁ་ཕྱེ་བའམ་ཁ་བཀག་པ། ཁྱེད་ཀྱིས་MIUIབདེ་འཇགས་ལྟེ་གནས་ནས་སྒྲིག་ཆས་ཀྱི་ཉེན་འགོག་འབྲེལ་ཡོད་ཀྱི་ཞིབ་ཕྲའི་ཆ་འཕྲིན་དེ་བས་མང་བ་བསྡུ་ལེན་བྱེད་དགོས།

གལ་སྲིད་ཁྱེད་ཀྱིས་གོང་གི་དམིགས་ཡུལ་ལྟར་ང་ཚོས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བཀོལ་སྤྱོད་བྱེད་པར་མོས་མཐུན་ཡོད་ན། ཁྱེད་ཀྱིས་དུས་ནམ་ཡིན་ཡང་ཡིག་ཐོག་གམ་ཡང་ན་privacy@xiaomi.com ལ་ཡིག་སྦྲག་སྐུར་གྱི་ཐབས་ལས་ང་ཚོར་འབྲེལ་བ་བྱས་ཏེ་རང་གི་ཆོད་དོན་བསྒྱུར་ཆོག

5.2 ཁྱེད་ཀྱིས་ཁྱེད་རང་མི་སྒེར་གྱི་ཆ་འཕྲིན་ལོངས་སྤྱོད་ཀྱི་ཁེ་དབང་།

ཁྱེད་ཀྱིས་སྤྱོད་འཐུས་ཀྱི་རྒྱལ་ཁབ་བམ་ས་གནས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་ནས། ཉིད་ལ་ང་ཚོས་ཉར་བའི་ཁྱེད་དང་འབྲེལ་བའི་མི་སྒེར་གྱི་ཆ་འཕྲིན་གང་རུང་ལ་འཚམ་འདྲི་དང་དག་བཅོས། སུབ་པའི་བླང་བྱ་འདོན་དབང་ཡོད། (འོག་ནས་བསྡུས་མིང་ལ་རེ་ཞུ་ཞེས་འབྲི)

ཁྱེད་ཀྱིས་ཞའོ་མཱི་ཐོ་ཨང་ཁྲོད་ཀྱི་མི་སྒེར་གྱི་ཆ་འཕྲིན་དང་འབྲེལ་བའི་ཞིབ་ཕྲའི་ཆ་འཕྲིན་དེ་ལས་མང་བ། ཁྱེད་ཀྱིས་http://account.mi.comའམ་ཡང་ན་རང་གི་སྒྲིག་ཆས་ཐོ་གྲངས་བརྒྱུད་དེ་འཚམ་འདྲི་དང་བཟོ་བཅོས་བྱེད་ཆོག ཆ་འཕྲིན་གཞན་དག་ནི་ཁྱེད་ཀྱིས་འཕྲིན་ཡིག་བསྐུར་བའམ་གཤམ་གྱི་གློག་རྡུལ་ཡིག་སྒམ་ས་གནས་བརྒྱུད་དེ་ང་ཚོར་འབྲེལ་བ་བྱེད་རོགས་ཞུ། གློག་རྡུལ་ཡིག་སྒམ། privacy@xiaomi.com

གསང་དོན་སྲིད་ཇུས་འདི་ལས་ཉིད་ཀྱི་རེ་ཞུ་དེ་སྤྱད་འཐུས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་གཤམ་གྱི་གནས་ཚུལ་དང་འཚམ་དགོས་པའི་བླང་བྱ་བཏོན་ཡོད།

(1)ཞའོ་མཱི་ཆེད་མངགས་རེ་ཞུའི་ཐབས་ལམ་བརྒྱུད་པ་དང་། དེ་མིན་ཉིད་ཀྱི་ཆ་འཕྲིན་བདེ་འཇགས་ལ་སྲུང་སྐྱོབ་བྱ་ཆེད། ཉིད་ཀྱི་རེ་ཞུ་དེ་ས་གནས་དེ་གའི་བཅའ་ཁྲིམས་ནང་ཡིག་ཐོག་རེ་ཞུ་ཡིན་དགོས།(རང་གནས་ཀྱི་ཁྲིམས་ལུགས་ཀྱིས་ངག་ཐོག་རེ་ཞུ་ལ་ཁས་ལེན་པ་ཕུད)

(2)ཆ་འཕྲིན་ཆ་ཚང་བ་མཁོ་འདོན་བྱས་ཏེ་ཞའོ་མཱི་ལ་ཁྱེད་ཀྱི་ཐོབ་ཐང་ར་སྤྲོད་ཐུབ་པ་བྱེད་དགོས་པ་དང་། རེ་ཞུའི་མི་དེ་རེ་ཞུའི་ཆ་འཕྲིན་གྱི་བྱེད་པོ་རང་ཉིད་དམ་ཁྲིམས་མཐུན་གྱི་དབང་བཅོལ་མཁན་ཡིན་པ་འགན་ལེན་ཏན་ཏིག་བྱེད་དགོས།

གལ་སྲིད་ང་ཚོས་ཆ་འཕྲིན་འདང་ངེས་ཤིག་ཐོབ་ནས་ཉིད་ཀྱི་རེ་བ་ཐག་གཅོད་བྱས་ཆོག་དུས། ང་ཚོས་གཞི་གྲངས་སྲུང་སྐྱོབ་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་དུས་ཚོད་ནང་ཁྱེད་ཀྱི་རེ་བར་ལན་འདེབས་རྒྱུ་རེད།

ཞིབ་མོར་བརྗོད་ན།

  • ང་ཚོས་གང་ལྟར་ཉིད་ཀྱི་མི་སྒེར་གྱི་ཆ་འཕྲིན་དང་དེ་བཞིན་ཁྱེད་ལ་དབང་བའི་དབང་ཆ་བེད་སྤྱོད་བྱེད་པ་དང་། ཉིད་ལ་ཁ་གསལ་དྭངས་པར་མ་ཟད་གོ་བ་ལེན་སླ་བའི་ཆ་འཕྲིན་ཐོབ་དབང་ཡོད། འདི་ནི་གསང་དོན་སྲིད་ཇུས་འདི་ཉིད་ཀྱི་དམིགས་ཡུལ་ཡིན།
  • ཁྱེད་ཀྱི་རེ་བ་དང་སྤྱོད་འཐུས་ཀྱི་ཁྲིམས་ལུགས་གཏན་འབེབས་ལ་གཞིགས་ནས། ང་ཚོས་རིན་མེད་སྒོས་ཁྱེད་ཀྱི་མི་སྒེར་གྱི་གཞི་གྲངས་སྐོར་གྱི་འཚོལ་སྡུད་དང་ཐག་གཅོད་བྱས་པའི་ཟིན་ཐོ་ཞིག་མཁོ་འདོན་བྱས་ཆོག གལ་སྲིད་ཉིད་ཀྱིས་འབྲེལ་ཡོད་ཆ་འཕྲིན་སྐོར་གྱི་རེ་ཞུ་གཞན་དག་བཏོན་ན། ང་ཚོས་འབྲེལ་ཡོད་ཀྱི་སྤྱོད་འཐུས་ཁྲིམས་ལུགས་ལ་གཞིར་ཞིང་། དངོས་ཡོད་ཀྱི་དོ་དམ་མ་རྩ་དང་ཟུང་དུ་སྦྲེལ་ཏེ་ཁྱེད་ལ་ལུགས་མཐུན་གྱི་འགྲོ་གྲོན་ཞིག་བསྡུ་རྒྱུ་རེད།
  • གལ་སྲིད་ཉིད་ཀྱིས་ང་ཚོས་བཟུང་བའི་ཉིད་ཀྱི་ཆ་འཕྲིན་གང་རུང་ཞིག་ཡང་དག་མིན་པའམ་ཆ་ཚང་མིན་འདོད་ན། བཀོལ་སྤྱོད་དམིགས་ཡུལ་ལ་གཞིར་ནས་མི་སྒེར་གྱི་ཆ་འཕྲིན་དག་བཅོས་དང་འཐུས་ཚང་བྱས་ཆོག
  • ཁྱེད་ཀྱིས་སྤྱོད་འཐུས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་ནས། ང་ཚོས་མུ་མཐུད་དུ་རྒྱུ་མཚན་མེད་པར་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བེད་སྤྱོད་བྱེད་སྐབས། ཉིད་ལ་ང་ཚོར་ཁྱེད་རང་གི་མི་སྒེར་ཆ་འཕྲིན་སུབ་དགོས་པའི་བླང་བྱ་འདོན་དབང་ཡོད། ང་ཚོས་ཉིད་ཀྱི་སུབ་འདོར་རེ་ཞུར་གཞིགས་ནས་དཔྱད་དཔོག་བྱེད་པ་དང་། གལ་སྲིད་བབ་མཚུངས་ཀྱི་གཏན་འབེབས་སྐོང་ཐུབ་ན། ང་ཚོས་ལག་རྩལ་བྱེད་ཐབས་དང་ཁོངས་སུ་གཏོགས་པའི་བབ་མཚུངས་གོམ་རིམ་སྤྱད་དེ་ཐག་གཅོད་བྱས་ཆོག ཁྱེད་དམ་ཡང་ན་ང་ཚོས་ཁྱེད་ལ་འབྲེལ་ཡོད་ཆ་འཕྲིན་སུབ་རོགས་བྱས་རྗེས། སྤྱོད་འཐུས་ཀྱི་བཅས་ཁྲིམས་དང་བདེ་འཇགས་ལག་རྩལ་གྱི་དབང་གིས། ང་ཚོས་གྲབས་ཉར་མ་ལག་ཁྲོད་ནས་འཕྲལ་མར་བབ་མཚུངས་ཀྱི་ཆ་འཕྲིན་བསུབ་ཐབས་མེད་ཀྱང་སྲིད། གནས་ཚུལ་དེ་འདྲའི་སྐབས། ང་ཚོས་བདེ་འཇགས་ངང་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་གསོག་འཇོག་བྱེད་པར་མ་ཟད། དེ་དང་སྔར་བས་ཐག་གཅོད་གང་ཞིག་དང་ཕན་ཚུན་ལོགས་སུ་བཀར་ནས་གྲབས་ཉར་གཙང་སེལ་བྱེད་པའམ་ཡང་ན་མིང་གསང་མངོན་འགྱུར་ཐུབ་པ་རེད།
  • ཁྱེད་ལ་རིགས་ཁ་ཤས་ཀྱི་ཐག་གཅོད་དང་ལེན་མི་བྱེད་པའི་དབང་ཆ་ཡོད་དེ། དེ་རུ་ཐད་ཀར་ཚོང་གཉེར་ཆེད་ཀྱི་ཐག་གཅོད་ཀྱང་འདུས། སྒོས་སུ་འཛད་སྤྱོད་པའི་པར་བརྙན་བེད་སྤྱོད་བྱེད་པའི་གནས་ཚུལ་ཀྱང་ཁོངས་སུ་འདུས་ཡོད། དེ་མིན་གནས་ཚུལ་འགའི་ཁྲོད་དུ། མི་སྒེར་གྱི་ཆ་འཕྲིན་ཐག་གཅོད(སྤྱོད་མཁན་གྱི་པར་བརྙན་ཚུད་ཡོད)བཅའ་ཁྲིམས་ཀྱི་གཞི་འཛིན་ས་ནི་ང་ཚོའི་ཁྲིམས་མཐུན་ཁེ་དབང་དེ་རེད།

ཁྱད་པར་དུ་ཁྲིམས་འཛིན་དོ་དམ་བྱེད་ཁོངས་འགའི་བཅའ་ཁྲིམས་གཏན་འབེབས་ལ་གཞིར་ནས།

  • ཁྱེད་་ལ་ང་ཚོས་ཁྱེད་ཀྱི་མི་སྒེར་གྱི་གཞི་གྲངས་ཐག་གཅོད་ཚོད་འཛིན་བྱ་རྒྱུའི་བླང་བྱ་འདོན་དབང་ཡོད། ང་ཚོས་ཁྱེད་ཀྱི་ཚོད་འཛིན་རེ་ཞུབ་ལྟར་དཔྱད་དཔོག་བྱས་ཆོག གལ་སྲིད《སྤྱིར་བཏང་གི་གཞི་གྲངས་སྲུང་སྐྱོང་སྲོལ་ཡིག》(GDPR)གི་གཏན་འབེབས་དང་མཐུན་ན། ང་ཚོས་སྲོལ་ཡིག་ཁྲོད་ཀྱི་སྤྱོད་འཐུས་ཀྱི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་ཁྱེད་ཀྱི་གཞི་གྲངས་ཐག་གཅོད་བྱེད་པ་དང་། ཚོད་འཛིན་ཐག་གཅོད་མེད་པ་མ་བཟོས་སྔོན་དུ་ཁྱེད་ལ་བརྡ་ཐོ་གཏོང་རྒྱུ་རེད།
  • ཁྱེད་ལ་རང་འགུལ་ཅན་གྱི་ཐབས་ཇུས་ལ་གཞིར་ནས་ཐག་གཅོད་ཕྱིར་འཐེན་བྱེད་དབང་ཡོད་དེ། སྒོས་སུ་འཛད་སྤྱོད་པའི་པར་བརྙན་སོགས་ཁྱེད་ལ་བཅའ་ཁྲིམས་ཀྱི་ཤུགས་རྐྱེན་ནམ་རིགས་མཐུན་ཤུགས་རྐྱེན་ཐེབས་སྲིད་པའི་རང་འགུལ་ཐག་གཅོད་ཀྱང་འདུས།
  • ཁྱེད་ལ་གྲུབ་ཆ་ཅན་དང་། ཀུན་སྤྱོད་ཀྱི་རྣམ་པའི་ཐོག་ནས་ཁྱེད་རང་གི་མི་སྒེར་གྱི་གཞི་གྲངས་རེ་ཞུ་བྱེད་པ་དང་། དེ་གཞི་གྲངས་ཚོད་འཛིན་བྱེད་མཁན་གཞན་དག་ལ་སྤོ་སྒྱུར་བྱེད་པའི་དབང་ཆ་ཡོད།

ང་ཚོར་དོན་དངོས་ཀྱི་སྙིང་པོ་མེད་པ/རྙོག་དྲ་སློང་བའི་བསྐྱར་ཟློས་ཀྱི་རེ་ཞུ། མི་གཞན་གྱི་གསང་དབང་ལ་གནོད་པའི་རེ་ཞུ། ཐལ་དྲག་དང་དོན་དངོས་དང་མི་མཐུན་པའི་རེ་ཞུ། ཆ་མི་མཚུངས་བའི་ལག་རྩལ་ལས་ཀའི་རེ་ཞུ་དང་། དེ་མིན་ས་གནས་དེ་གའི་བཅའ་ཁྲིམས་ལྟར་སྤྲོད་མི་དགོས་པའི་རེ་ཞུ། སྤྱི་རུ་བསྒྲགས་ཟིན་པའི་ཆ་འཕྲིན། གསང་སྲུང་ཆ་རྐྱེན་འོག་སྤྲད་པའི་ཆ་འཕྲིན་ལ་ཐག་གཅོད་ཁས་ལེན་མི་བྱེད་པའི་དབང་ཆ་ཡོད། གལ་སྲིད་ང་ཚོས་གཞི་གྲངས་སུབ་པའམ་གཞི་གྲངས་ལ་འཚམ་འདྲི་བྱེད་པའི་རེ་ཞུའི་ཕྱོགས་འགའ་ཤས་ལས་ང་ཚོས་གོང་དུ་བཤད་པའི་མགོ་སྐོར་གཡོ་འཕྲུལ་ལ་ངོ་རྒོལ་དང་བདེ་འཇགས་དམིགས་ཡུལ་ལ་དམིགས་ནས་གཞི་གྲངས་ཁྲིམས་མཐུན་བེད་སྤྱོད་བྱེད་མ་ཐུབ་ན་རེ་ཞུ་ཁས་ལེན་མི་བྱེད།

5.3 མོས་མཐུན་ཕྱིར་འཐེན།

ཉིད་ཀྱིས་རེ་ཞུ་ཕུལ་ནས་ཕྱིར་འཐེན་མ་བྱས་གོང་དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་ནས་ང་ཚོས་མོས་མཐུན་གནང་ཆོག སྒོས་སུ་འཚོལ་སྡུད་དང་བེད་སྤྱོད། ཡང་ན་ང་ཚོས་ཁོང་དུ་ཆུད་པའམ་ཚོད་འཛིན་བྱས་ཡོད་པའི་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་བྱས་ཆོག ཁྱེད་ཀྱིས་བེད་སྤྱོད་བྱེད་བཞིན་པའི་ཞིབ་ཕྲའི་ཞབས་ཞུ་ལ་་གཞིར་ནས། https://account.xiaomi.com/pass/delབརྒྱུད་དེ་ཞའོ་མཱི་ཡི་ཐོ་ཨང་གི་དོ་དམ་ལྟེ་གནས་སུ་འཚམ་འདྲི་བྱས་ཆོག་ཅིང་། ཡང་ན་privacy@xiaomi.comནང་སྦྲག་བསྐུར་བཏང་ནས་འབྲེལ་ཡོད་གཏོང་སྤྱོད་བྱས་ཆོག ང་ཚོས་ཉིད་ཀྱིས་རེ་ཞུ་བཏོན་རྗེས་ཀྱི་ལུགས་མཐུན་དུས་ཚོད་ནང་ཁྱེད་ཀྱི་རེ་ཞུ་ཐག་གཅོད་བྱེད་པ་དང་། ཉིད་ཀྱི་རེ་ཞུ་ལ་གཞིར་ནས་རྗེས་སུ་ཉིད་ཀྱི་མི་སྒེར་གྱི་ཆ་འཕྲིན་འཚོལ་སྡུད་དང་བེད་སྤྱོད/ཕྱིར་བསྒྲགས་མི་བྱེད།

ཁྱེད་ཀྱིས་མོས་མཐུན་ཕྱིར་འཐེན་གྱི་ཁྱབ་ཁོངས་ལ་རག་སྟེ། དེས་ཉིད་ཀྱིས་མུ་མཐུད་དུ་ཞའོ་མཱི་ཐོན་རྫས་སམ་ཞབས་ཞུ་ལོངས་སྤྱོད་བྱེད་མི་ཐུབ་པར་འགྱུར་སྲིད། འོན་ཀྱང་ཉིད་ཀྱིས་མོས་མཐུན་ཕྱིར་འཐེན་ནམ་དབང་ཆ་སྤྲད་པའི་ཆོད་དོན་དོན་གྱིས་སྔར་ཡོད་ཀྱི་ཉིད་ཀྱིས་མོས་མཐུན་བྱུང་ཞིང་སྤེལ་བའི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་ཀྱི་ཕན་ནུས་རང་བཞིན་ལ་ཤུགས་རྐྱེན་མི་ཐེབས།

5.4 ཞབས་ཞུའམ་ཐོ་གྲངས་མེད་པར་བཟོ་བ།

གལ་སྲིད་ཉིད་ཀྱིས་ཞིབ་ཕྲའི་ཐོན་རྫས་སམ་ཞབས་ཞུ་མེད་པར་བཟོ་དགོས་ན། ཉིད་ཀྱིས་privacy@xiaomi.comནང་སྦྲག་བསྐུར་བཏང་ནས་ཞབས་ཞུ་མེད་པར་བཟོ་ཆོག

གལ་སྲིད་ཉིད་ཀྱིས་ཞའོ་མཱི་ཐོ་ཨང་མེད་པར་བཟོ་འདོད་ན། ཞའོ་མཱི་ཐོ་ཨང་མེད་པར་བཟོ་བའི་བཀོལ་སྤྱོད་ཀྱིས་ཁྱེད་ལ་ཞའོ་མཱི་ཡི་ཐོན་རྫས་ཡོངས་རྫོགས་དང་ཞབས་ཞུ་བེད་སྤྱོད་བྱེད་མི་ཐུབ་པར་འགྱུར་སྲིད་པས། ཉིད་ཀྱིས་གཟབ་ནན་སྒོས་བཀོལ་སྤྱོད་བྱེད་དགོས། ཁྱད་བསལ་གྱི་གནས་ཚུལ་འགའི་ཁྲོད་ནས་ཕྱིར་འཐེན་བྱེད་པར་བཀག་འགོག་གམ་ཕྱིར་འགྱངས་བྱེད་སྲིད། དཔེར་ན་ཉིད་ཀྱིས་ཞའོ་མཱི་རོལ་དབྱངས་སུ་ཚོགས་མིའི་ཞབས་ཞུ་ཡོད་པ་དང་། བརྗོད་བྱ་གཙོ་བོའི་ཚོང་ཁང་ལ་སྔར་བཞིན་དངུལ་སྤྲོད་ཀྱི་བརྗོད་བྱ་གཙོ་བོ་ཡོད་པ། ཞའོ་མཱི་དངུལ་རྩའི་ཁྲོད་འཇལ་མེད་དངུལ་བུན་ཡོད་ན། ང་ཚོས་ལམ་སང་ཉིད་ཀྱི་རེ་ཞུ་ལ་རྒྱབ་སྐྱོར་བྱེད་མི་ཐུབ།

ཉིད་ཀྱིས་ཕྱོགས་གསུམ་པའི་ཐོ་གྲངས་ཀྱི་དབང་སྤྲད་བརྒྱུད་ནས་ཞའོ་མཱི་ཐོ་འཇུག་བྱེད་སྐབས། ཕྱོགས་གསུམ་པར་ཐོ་གྲངས་སུབ་བཟོའི་རེ་ཞུ་བྱེད་དགོས།

6 ཉིད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཅི་ལྟར་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་སྤོ་སྒྱུར་བྱེད་དགོས།

ཞའོ་མཱི་ཡིས་གོ་ལ་ཧྲིལ་པོའི་གཉེར་སྐྱོང་དང་ཚོད་འཛིན་སྒྲིག་བཀོད་བརྒྱུད་ནས་མི་སྒེར་གྱི་ཆ་འཕྲིན་གྲབས་ཉར་བྱས་ཆོག མིག་སྔར། ཞའོ་མཱི་ཡིས་ཀྲུང་གོ་དང་རྒྱ་གར། ཨ་རི། འཇར་མན། ཨུ་རུ་སི་དང་སིང་ཀ་ཕོར་དུ་གཞི་གྲངས་ལྟེ་གནས་བཙུགས་ཡོད། གསང་དོན་སྲིད་ཇུས་འདི་ལས་ཞིབ་བརྗོད་གནང་བའི་དམིགས་ཡུལ་ལ་གཞིར་ནས། ཉིད་ཀྱི་ཆ་འཕྲིན་སྤྱོད་འཐུས་ཀྱི་བཅའ་ཁྲིམས་ལྟར་གཞི་གྲངས་ལྟེ་གནས་དེ་དག་ལ་སྐྱེལ་འདྲེན་བྱེད་ཀྱང་སྲིད།

ང་ཚོས་ད་དུང་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་དེ་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པ་དང་ལས་སྒོའི་མཉམ་ལས་རོགས་ཟླར་སྐྱེལ་འདྲེན་བྱེད་ཀྱང་སྲིད་པས། ཁྱེད་ཀྱི་གཞི་གྲངས་རྒྱལ་ཁབ་གཞན་དང་ས་གནས་གཞན་དུ་སྐྱེལ་འདྲེན་བྱེད་སྲིད། གོ་ལ་ཧྲིལ་པོའི་སྒྲིག་ཆས་ཡོད་སའི་ཁྲིམས་འཛིན་དོ་དམ་བྱེད་ཁོངས་འདི་དག་གིས་ཁྱེད་རང་གནས་སའི་ཁྲིམས་འཛིན་དོ་དམ་བྱེད་ཁོངས་ཀྱི་གཅིག་མཚུངས་ཚད་གཞི་ལྟར་དུ་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོང་བྱེད་མི་སྲིད་པ་དང་། གཞི་གྲངས་སྲུང་ཐབས་མི་འདྲ་བར་བརྟེན་ནས་ཉེན་ཟོན་མི་འདྲ་བ་གནས་སྲིད། ང་ཚོས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་དེ་ཕྱི་གླིང་སྒྲིག་ཆས་སུ་སྐྱེལ་འདྲེན་བྱས་ཏེ་གསོག་ཉར་བྱེད་སྲིད། འོན་ཀྱང་། འདིས་ང་ཚོས་སྒེར་གྱི་གསང་དོན་སྲིད་ཇུས་ལ་བརྩི་སྲུང་དང་དེ་བཞིན་ཁྱེད་རང་གི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་པའི་ཁས་ལེན་ལ་འགྱུར་བ་གཏོང་མི་སྲིད། ཁྱད་པར་དུ།

  • ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ལོགས་ས་ཁུལ་དུ་འཁོར་སྐྱོད་ཚོང་གཉེར་ཁྲོད་འཚོལ་སྡུད་ཐོན་པའི་མི་སྒེར་གྱི་ཆ་འཕྲིན་དེ་ཀྲུང་གོའི་ནང་ལོགས་ས་ཁུལ་གྱི་གཞི་གྲངས་ལྟེ་གནས་སུ་གསོག་ཉར་བྱས་ཆོག འོན་ཀྱང་སྤྱོད་འཐུས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རྒྱལ་མཚམས་བརྒལ་བའི་སྐྱེལ་འདྲེན་ཁོངས་སུ་མི་གཏོགས།
  • ང་ཚོས་ཨུ་རུ་སི་ནས་འཁོར་སྐྱོང་ཚོང་གཉེར་ཁྲོད་འཚོལ་སྡུད་ལས་ཐོན་པའི་མི་སྒེར་གྱི་ཆ་འཕྲིན་དེ་ཨུ་རུ་སིའི་གཞི་གྲངས་ལྟེ་གནས་སུ་ཐག་གཅོད་དང་གསོག་ཉར་བྱས་ཆོག འོན་ཀྱང་ཨུ་རུ་སིའི་འབྲེལ་ཡོད་བཅའ་ཁྲིམས་ཀྱིས་ཆོག་མཆན་འོག་རྒྱལ་ཁོངས་བརྒལ་ཆོག་པའི་སྐྱེལ་འདྲེན་ཁོངས་སུ་མི་གཏོགས།
  • ང་ཚོས་རྒྱ་གར་གྱི་འཁོར་སྐྱོད་ཚོང་གཉེར་ཁྲོད་འཚོལ་སྡུད་ལས་ཐོན་པའི་མི་སྒེར་གྱི་ཆ་འཕྲིན་དེ་རྒྱ་གར་གྱི་་གཞི་གྲངས་ལྟེ་གནས་སུ་གསོག་ཉར་བྱས་ཆོག

གལ་སྲིད་ང་ཚོས་མི་སྒེར་གྱི་ཆ་འཕྲིན་དེ་ཁྱེད་ཉིད་ཁོངས་གཏོགས་ཀྱི་ཁྲིམས་འཛིན་དོ་དམ་ཁོངས་གཏོགས་ཁུལ་མ་ཡིན་པའི་གནས་ཏེ། ང་ཚོའི་འབྲེལ་ཡོད་ཀུང་སི་དང་ཡང་ན་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པ་གང་དུ་གནས་སྤོ་བྱས་རུང་། ང་ཚོས་འབྲེལ་ཡོད་སྤྱོད་འཐུས་བཅའ་ཁྲིམས་ལ་བརྩི་སྲུང་ཏན་ཏིག་བྱེད་ངེས། ང་ཚོས་གཅིག་གྱུར་གྱི་བདེ་འཇགས་འགན་སྲུང་གི་བྱ་ཐབས་ལག་བསྟར་བྱེད་པ་བརྒྱུད་དེ། གནས་སྤོ་འདི་རིགས་ཡོངས་ལ་གནས་དེ་གའི་སྤྱོད་འཐུས་ཀྱི་གཞི་གྲས་སྲུང་ཐབས་ཀྱི་བླང་བྱ་ཚང་བ་ཁག་ཐེག་བྱེད་སྲིད། དེ་བཞིན་ཉིད་ལ་privacy@xiaomi.comདེ་རུ་སྦྲག་བསྐུར་བྱས་ནས་ང་ཚོའི་ད་ཡོད་ཀྱི་བདེ་འཇགས་འགན་སྲུང་རྐྱེན་སྲོལ་ལ་གོ་རྟོགས་བྱེད་དབང་ཡོད།

གལ་སྲིད་ཉིད་ཀྱིས་ཡོ་རོབ་མནའ་འབྲེལ་ཆེད་དབང་དཔལ་འབྱོར་ཁུལ་དུ་ང་ཚོའི་ཐོན་རྫས་དང་ཞབས་ཞུ་བེད་སྤྱོད་བྱས་ན། ཞའོ་མཱི་ཡི་ཧོ་ལན་ཀུང་སི[Xiaomi Technology Netherlands B.V.]གིས་གཞི་གྲངས་ཚོད་འཛིན་མཁན་བྱེད་པ། ཞའོ་མཱི་སིང་ཀ་ཕོར་མི་སྒེར་ཚད་ཡོད་སྤྱི་གཉེར་ཁང་[Xiaomi Singapore Pte. Ltd.]གིས་གཞི་གྲངས་ཐག་གཅོད་ཀྱི་འགན་ཁུར་བྱེད། འབྲེལ་གཏུགས་བྱ་ཐབས“ང་ཚོར་འབྲེལ་བ་བྱོས”ཞེས་པའི་ལེའུར་གསལ།

གལ་སྲིད་ཞའོ་མཱི་ཡིས་ཁྱེད་ཀྱི་ཡོ་རོབ་མནའ་འབྲེལ་ཆེད་དབང་དཔལ་འབྱོར་ཁུལ་ནས་ཐོན་པའི་གཞི་གྲངས་དེ་ཡོ་རོབ་ཆེད་དབང་མནའ་འབྲེལ་ཁུལ་ཕྱིའི་ཞའོ་མཱི་འབྲེལ་ཡོད་ལས་ཁུངས་སམ་ཡང་ན་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པར་གནས་སྤོ་བྱས་ན། ང་ཚོས་ཡོ་རོབ་མནའ་འབྲེལ་གྱི་ཚད་ལྡན་གན་རྒྱའི་དོན་ཚན་ནམ་ཡང་ན《སྤྱིར་བཏང་གཞི་གྲངས་སྲུང་སྐྱོང་སྲོལ་ཡིག》(GDPR)ཁྲོད་གཏན་འབེབས་བྱས་པའི་བདེ་འཇགས་སྲུང་སྐྱོང་རྐྱེན་སྲོལ་ལྟར་གནས་སྤོ་བྱས་ཆོག

7 ནར་མ་སོན་པའི་མིའི་ཆ་འཕྲིན་སྲུང་སྐྱོབ་བྱེད་པ།

ང་ཚོས་བལྟས་ན་ཕྲུ་གུས་ང་ཚོའི་ཐོན་རྫས་དང་ཞབས་ཞུ་བེད་སྤྱོད་བྱེད་པར་ལྟ་སྐུལ་བྱ་རྒྱུ་ནི་ཁྱིམ་བདག་གམ་ལྟ་སྐྱོང་མཁན་གྱི་འགན་འཁྲི་ཡིན། འོན་ཀྱང་ང་ཚོས་ཕྲུ་གུ་ལ་ཐད་ཀར་ཞབས་ཞུ་མཁོ་འདོན་མི་བྱ་ཞིང་། དེ་ཡང་ཕྲུ་གུའི་མི་སྒེར་གྱི་གཞི་གྲངས་ཚོང་གཉེར་དམིགས་ཡུལ་དུ་བེད་སྤྱོད་མི་བྱེད།

གལ་སྲིད་ཁྱེད་ཉིད་ཁྱིམ་བདག་གམ་བདག་སྐྱོང་མཁན་ཡིན་པ། དེ་ལས་ཁྱེད་ཀྱིས་ནར་མ་སོན་པའི་བྱིས་པས་ཞའོ་མཱི་ལ་མི་སྒེར་གྱི་ཆ་འཕྲིན་སྤྲད་ཡོད་པ་བསམ་ན་privacy@xiaomi.comལ་སྦྲག་བསྐུར་གནང་ནས་ང་ཚོར་འབྲེལ་བ་བྱས་ཏེ་དེ་རིགས་ཀྱི་མི་སྒེར་གྱི་ཆ་འཕྲིན་ལམ་སེང་སུབ་བཟོ་བྱེད་པ་ཁག་ཐེག་བྱེད་དགོས་ཤིང་། ནར་མ་སོན་པའི་བྱིས་པར་སྤྱོད་གོ་ཆོད་པའི་ཞའོ་མཱི་ཞབས་ཞུ་གང་ཡིན་རུང་སྔོན་མངག་ཕྱིར་འཐེན་ཁག་ཐེག་བྱེད་དགོས།

8 ཕྱོགས་གསུམ་པའི་དྲ་ཚིགས་དང་ཞབས་ཞུ།

ང་ཚོའི་གསང་དོན་སྲིད་ཇུས་དེ་ཕྱོགས་གསུམ་པས་མཁོ་འདོན་བྱས་པའི་ཐོན་རྫས་དང་ཞབས་ཞུ་ལ་བེད་སྤྱོད་མི་འཚམ། དེ་ཁྱེད་ཀྱི་བེད་སྤྱོད་བྱེད་བཞིན་པའི་Xiaomiཐོན་རྫས་སམ་ཞབས་ཞུ་ལ་རག་ལས། དེའི་ཁྲོད་དུ་ཕྱོགས་གསུམ་པའི་ཐོན་རྫས་སམ་ཞབས་ཞུ་ཁོངས་སུ་འདུས་ངེས་ཏེ། སྐད་གདངས་རྒྱབ་སྐྱོར་དང་། པར་ཆས་ཐག་གཅོད། བརྙན་རིས་་གཏོང་བ། རྒྱུད་ཁོངས་གཙང་བཤེར་དང་དེ་བཞིན་བདེ་འཇགས་ཀྱི་འབྲེལ་ཡོད་ཞབས་ཞུ། རོལ་རྩེད། བསྡོམས་རྩིས། སྤྱི་ཚོགས་ཀྱི་འབྲེལ་བ། གཏོང་སྤྲོད། ས་ཁྲ་ཕྱོགས་སྟོན། མཉམ་སྤྱོད་དང་། འདེད་སྐྱེལ། ཆ་འཕྲིན་དྭངས་འཚག་ཕྱེ་བ། ཡིག་གཟུགས་སོགས་ཀྱི་རིགས་དང་འབྲེལ་བ་ཡོད་པ། དེ་ལས་ཁ་ཤས་ཕྱོགས་གསུམ་པའི་དྲ་ཚིགས་ཀྱི་སྦྲེལ་མཐུད་རྣམ་པའི་སྒོས་མཁོ་འདོན་བྱེད་པ་དང་། ཡང་ཁ་ཤས་SDK、APIསོགས་ཀྱི་རྣམ་པའི་སྒོས་སྦྲེལ་མཐུད་བྱེད་སྲིད། ཁྱེད་ཀྱིས་ཐོན་རྫས་དང་ཞབས་ཞུ་འདི་དག་བེད་སྤྱོད་བྱེད་སྐབས། ཁྱེད་ཀྱི་ཆ་འཕྲིན་འཚོལ་སྡུད་བྱེད་ཀྱང་སྲིད། དེར་བརྟེན། ང་ཚོས་ཁྱེད་ལ་དུས་ཚོད་བཀོལ་ནས་ཕྱོགས་གསུམ་པའི་གསང་དོན་སྲིད་ཇུས་ལྟ་ཀློག་བྱེད་དགོས་པའི་བསམ་འཆར་དྲག་པོ་འདོན་བཞིན་ཡོད་དེ། ང་ཚོའི་གསང་དོན་སྲིད་ཇུས་ལྟ་ཀློག་བྱེད་པ་ནང་བཞིན་ནོ། །ང་ཚོས་ཕྱོགས་གསུམ་པས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བསྡུ་ལེན་བྱས་ཤིང་ཇི་ལྟར་བཀོལ་སྤྱོད་བྱེད་རྒྱུར་འགན་འཁུར་མི་བྱེད་ཅིང་། དེའི་བེད་སྤྱོད་ལ་ཚོད་འཛིན་ཀྱང་བྱེད་མི་ཐུབ། ང་ཚོའི་གསང་དོན་སྲིད་ཇུས་ང་ཚོའི་ཞབས་ཞུའི་སྦྲེལ་ཐག་བརྒྱུད་པའི་དྲ་ཚིགས་གཞན་ལ་བེད་སྤྱོད་མི་འཚམ།

འོག་ཏུ་ཁྱེད་ཀྱིས་གོང་གི་དམིགས་བསལ་ཐོན་རྫས་བེད་སྤྱོད་བྱེད་སྐབས་སུ་སྤྱོད་འཐུས་ཀྱི་ཕྱོགས་གསུམ་པའི་དོན་ཚན་དང་གསང་དོན་སྲིད་ཇུས་ཀྱི་དཔེ་མཚོན་མཁོ་འདོན་བྱས་ཡོད།

  • ཕྱོགས་གསུམ་པའི་གཏོང་སྤྲོད་ཞབས་ཞུ་བེད་སྤྱད་དེ་མངགས་ཐོ་གཏོང་སྤྲོད་དང་ལེགས་འགྲུབ་བྱུང་སྐབས། ཉིད་ཀྱིས་གཏོང་སྤྲོད་སྐབས་ཀྱི་མི་སྒེར་གྱི་ཆ་འཕྲིན་དེ་ཕྱོགས་གསུམ་པསི་གཏོང་སྤྲོད་ཞབས་ཞུའི་མཁོ་འདོན་ཚོང་པའི་གསང་དོན་སྲིད་ཇུས་ལ་གཞིར་ནས་ཐག་གཅོད་བྱེད།
  • MIUIབདེ་འཇགས་ལྟེ་གནས་ཀྱི་ནད་དུག་བཤེར་འབེབས་བྱེད་ནུས་བེད་སྤྱོད་བྱེད་སྐབས། ཁྱེད་ཀྱི་གདམ་གར་གཞིར་ནས་འོག་གི་ཞབས་ཞུའི་དོན་ཚན་ཁྲོད་ཀྱི་ཚན་པ་གཅིག་བེད་སྤྱོད་འཚམ་པ་རེད།
  • MIUIབདེ་འཇགས་ལྟེ་གནས་ཀྱི་གཙང་སེལ་་བྱེད་ནུས་བེད་སྤྱོད་བྱེད་སྐབས། ཁྱེད་ཀྱི་གདམ་གར་གཞིར་ནས་འོག་གི་ཞབས་ཞུའི་དོན་ཚན་ཁྲོད་ཀྱི་ཚན་པ་གཅིག་བེད་སྤྱོད་འཚམ་པ་རེད།
  • MIUIཁྲོད་ཀྱི་ཆེད་དམིགས་ཉེར་སྤྱོད་ཀྱི་བརྡ་ཁྱབ་ཞབས་ཞུ་བེད་སྤྱོད་བྱེད་སྐབས། ཁྱེད་ཀྱི་གདམ་གར་གཞིར་ནས་འོག་གི་ཞབས་ཞུའི་དོན་ཚན་ཁྲོད་ཀྱི་ཚན་པ་གཅིག་བེད་སྤྱོད་འཚམ་པ་རེད།
  • Googleནང་འཇུག་བྱེད་ཐབས་བེད་སྤྱོད་བྱེད་སྐབས། Googleཡི་གསང་དོན་དོན་ཚན་བེད་སྤྱོད་འཚམ་པ་རེད། http://www.google.com/policies/privacy

9 སྲིད་ཇུས་འདི་ཅི་ལྟར་གསར་སྒྱུར་བྱེད་དགོས།

ང་ཚོས་ལས་སྒོ་དང་ལག་རྩལ་འགྱུར་བ་ལ་གཞིར་ནས་གསང་དོན་སྲིད་ཇུས་ལ་དུས་བཀག་ལྟར་ཞིབ་བཤེར་གཏན་འབེབས་བྱེད་པ་དང་། གསང་དོན་སྲིད་ཇུས་འདིའང་གསར་སྒྱུར་བྱེད་སྲིད། གལ་སྲིད་ང་ཚོས་གསང་དོན་སྲིད་ཇུས་འདིར་གསར་སྒྱུར་ཆེན་པོ་བྱས་ན། ང་ཚོས་ཁྱེད་ཀྱིས་ཐོ་འགོད་བྱས་པའི་འབྲེལ་གཏུགས་བྱ་ཡུལ་ཏེ། དཔེར་ན་གློག་རྡུལ་སྦྲག་ཡིག(ཁྱེད་ཀྱི་ཐོ་གྲངས་ལ་དམིགས་འཛུགས་བྱས་པའི་ཡིག་སྒམ་དུ་བསྐུར་བ།)དང་ཡང་ན་ཞའོ་མཱི་དྲ་ཚིགས་སུ་སྤྱི་བསྒྲགས་བྱེད་པའམ་སྤོར་འགུལ་སྒྲིག་ཆས་བརྒྱུད་ནས་ཁྱེད་ལ་བརྡ་གཏོང་རྒྱུ་རེད། དེ་ལྟར་དུ་ཁྱེད་ཀྱིས་ང་ཚོའི་འཚོལ་སྡུད་བྱས་པའི་ཆ་འཕྲིན་དང་ང་ཚོས་ཅི་ལྟར་ཆ་འཕྲིན་འདི་དག་བེད་སྤྱོད་བྱེད་པ་ཤེས་ཐུབ། རིགས་འདིའི་གསང་དོན་སྲིད་ཇུས་ཀྱི་འགྱུར་ལྡོག་དག་བརྡ་ཁྱབ་དང་ཡང་ན་དྲ་ཚིགས་ཀྱིས་གཏན་འབེབས་བྱས་པའི་ནུས་ཐོན་ཚེས་གྲངས་ནས་བེད་སྤྱོད་འཚམ་པ་རེད། ང་ཚོའི་བསམ་འཆར་ལྟར་ན་ཁྱེད་ཀྱིས་དུས་བཀག་ལྟར་དྲ་ངོས་འདིར་ཀློག་བཤེར་བྱས་ཏེ་ང་ཚོའི་གསང་དོན་དབང་ཆའི་ལག་ལེན་གྱི་ཆ་འཕྲིན་གསར་ཤོས་བསྡུ་ལེན་བྱས་ཆོག ཁྱེད་ཀྱིས་མུ་མཐུད་དུ་ཐོན་རྫས་དང་དྲ་ཚིགས། ཁ་པར་དང་དེ་མིན་སྒྲིག་ཆས་གཞན་དག་གི་ཞབས་ཞུ་བེད་སྤྱོད་བྱས་ན། གསང་དོན་སྲིད་ཇུས་ཀྱི་གསར་སྒྱུར་དང་ལེན་བྱེད་པར་བརྩི་རྒྱུ་རེད། ང་ཚོས་ཁྱེད་ལ་སྔར་ལས་མང་བའི་མི་སྒེར་གྱི་ཆ་འཕྲིན་འཚོལ་སྡུད་དང་ང་ཚོས་དམིགས་ཡུལ་གསར་པ་ཞིག་གི་ཆེད་དུ་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བེད་སྤྱོད་དང་ཕྱིར་བསྒྲགས་བྱེད་སྐབས། ང་ཚོས་ཡང་བསྐྱར་ཁྱེད་ལ་ཆོག་མཆན་ཞུ་བ་རེད།

10 གཞན་དག

10.1 སྣེ་རྐྱང་ཐོ་འཇུག

ཉིདཀྱི་ཁོངས་གཏོགས་ཁྲིམས་འཛིན་དོ་དམ་བྱེད་ཁོངས་ལ་རག་ཅིང་། ཉིད་ཀྱིས་རིགས་འདྲ་མིན་གྱི་OAuthཡིས་མཁོ་འདོན་བྱས་པའི་ཐོ་འགོད་ཞབས་ཞུ་བེད་སྤྱོད་བྱས་ཏེ་ང་ཚོའི་དྲ་ཚིགས་སུ་ཐོ་འཇུག་བྱས་ཆོག ཞབས་ཞུ་འདི་དག་གིས་ཁྱེད་ཀྱི་ཐོབ་ཐང་ར་སྤྲོད་བྱེད་པ་དང་། མ་ཟད་ཁྱེད་ལ་ང་ཚོ་དང་མཉམ་དུ་མི་སྒེར་གྱི་ཆ་འཕྲིན་ཁ་ཤས་མཉམ་སྤྱོད་བྱེད་མིན་གྱི་གདམ་ག་བྱེད་དུ་འཇུག་སྟེ། (དཔེར་ན་ཁྱེད་ཀྱི་མིང་དང་གློག་རྡུལ་ཡིག་སྒམ་ལྟ་བུ།)དེ་བཞིན་སྔོན་ལ་ང་ཚོའི་ཐོ་འགོད་རེའུ་མིག་ཁ་སྐོང་བྱས་ཆོག OAuthཞབས་ཞུ་ལས་ཁྱེད་ལ་དྲ་ཚིགས་དེའི་ནང་གི་འབྲེལ་ཡོད་མི་སྒེར་གྱི་བྱེད་སྒོའི་ཆ་འཕྲིན་རང་གི་དཔྱད་གཞིའི་ཤོག་ངོས་ནང་་སྤྱི་བསྒྲགས་བྱེད་མིན་གྱི་ཆོག་མཆན་གནང་སྟེ། དྲ་རྒྱའི་ནང་གི་མི་གཞན་དང་མཉམ་སྤྱོད་ཀྱི་སྟབས་བདེ་བསྐྲུན་ཐུབ།

11 ང་ཚོར་འབྲེལ་བ་གནང་དང་།

གལ་སྲིད་ཁྱེད་ལ་གསང་དོན་སྲིད་ཇུས་འདིའི་ཐད་བསམ་འཆར་དང་གནད་དོན་ཅི་ཡོད་པ་དང་། ཡང་ན་ཞའོ་མཱི་ཡིས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་འཚོལ་སྡུད་དང་བེད་སྤྱོད། དེ་མིན་ཕྱིར་བསྒྲགས་སྐོར་ནས་གནད་དོན་གང་ཡོད་རུང་། སྐུ་ཉིད་ཀྱིས་འོག་གི་ས་གནས་བརྒྱུད་དེ་ང་ཚོར་འབྲེལ་བ་གནང་བ་དང་། “གསང་དོན་སྲིད་ཇུས”ཞེས་པ་བརྗོད་དགོས། ང་ཚོར་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་དང་འབྲེལ་བའི་འབྲེལ་ཡོད་དབང་ཆའི་རེ་ཞུ་དང་། གནད་དོན་བློ་འདྲི་སོགས་འབྱོར་སྐབས། ང་ཚོར་ཁྱེད་ཀྱི་གནད་དོན་ཐག་གཅོད་བྱེད་མཁན་ལ་ཆེད་ལས་ཀྱི་་ཚོགས་པ་ཡོད། གལ་སྲིད་ཁྱེད་ཀྱི་གནད་དོན་རང་ངོས་སུ་ཅུང་གལ་ཆེ་བའི་དོན་ཚན་ལ་འབྲེལ་བ་ཡོད་ན། ང་ཚོས་ཁྱེད་ལ་དེ་ལས་མང་བའི་ཆ་འཕྲིན་མཁོ་འདོན་བྱེད་པའི་བླང་བྱ་འདོན་ཀྱང་སྲིད་པ་རེད། གལ་སྲིད་ཁྱེད་རང་འབྱོར་ལན་དེར་ཡིད་མ་ཚིམ་ན། ཁྲིམས་འཛིན་ཁོངས་གཏོགས་ཁུལ་གྱི་འབྲེལ་ཡོད་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཞུ་གཏུག་རྩིས་སྤྲོད་བྱས་ཆོག གལ་སྲིད་ཁྱེད་ཀྱིས་ང་ཚོར་བློ་འདྲི་བྱས་ན། ང་ཚོས་ཁྱེད་ཀྱི་དོན་དངོས་གནས་ཚུལ་ལ་གཞིར་ནས་སྦྱོད་འཐུས་ཀྱི་འབྲེལ་ཡོད་ཞུ་གཏུག་ཐབས་ལམ་གྱི་ཆ་འཕྲིན་མཁོ་འདོན་བྱས་ཆོག

ཞའོ་མཱི་འཕྲིན་སྐྱེལ་ལག་རྩལ་ཚད་ཡོད་སྤྱི་གཉེར་ཁང་།

པེ་ཅིན་གྲོང་ཁྱེར་ཧའེ་ཏེན་ཆུས་ཆིང་ཧུའུ་ཁྲོམ་བར་ཨང་རྟགས་68པའི་ཝུ་ཚའེ་ཁྲོམ་ཉོ་སྒྲུབ་ལྟེ་གནས་ཡིག་འབྲུ་ཐོག་ཁང་།

སྦྲག་སྲིད་ཨང་གྲངས། 100085

Xiaomiསིང་ཀ་ཕོར་མི་སྒེར་ཚད་ཡོད་སྤྱི་གཉེར་ཁང་། [Xiaomi Singapore Pte. Ltd.]

ཁུ་རུའོ་ཧྲུ་ཁྲོམ་ཨང་རྟགས་20ཀྲུང་དབྱང་ཀྲུང་གོའི་ཐང་ཆེན། #02-12

སིང་ཀ་ཕོར་སྦྲག་ཁུལ། 048422

གློག་རྡུལ་ཡིག་སྒམ། privacy@xiaomi.com

ཡོ་རོབ་མནའ་འབྲེལ་ཆེད་དབང་དཔལ་འབྱོར་ཁུལ་ནས་ཡིན་པའི་སྤྱོད་མཁན་གྱིས་གནས་འདིར་འབྲེལ་བ་བྱས་ཆོག

ཞའོ་མཱི་ཧོ་ལན་སྤྱི་གཉེར་ཁང་།[Xiaomi Technology Netherlands B.V.]

Room 04-106, Wework Strawinskylaan 4117 4th Floor, Atrium North Tower Amsterdam, 1017XD

ཁྱེད་ཀྱིས་དུས་ཚོད་སྤྱད་ནས་ང་ཚོའི་གསང་དོན་སྲིད་ཇུས་ལ་རྒྱུས་ལོན་གནང་བར་ཐུགས་རྗེ་ཆེ།