པར་གཞིའི་ཨང་རྟགས།:v20231030

སྐྱེལ་གཏོང་སྒོ་མོའི་གསང་དོན་སྲིད་ཇུས།

ང་ཚོའི་གསང་དོན་སྲིད་ཇུས་ནི་སྤྱི་ལོ་2023ལོའི་ཟླ་བ་3པའི་ཚེས་24ཉིན་གསར་སྒྱུར་ནུས་ཐོན་བྱེད།

ཁྱེད་ཀྱིས་དུས་ཚོད་ཅུང་ཙམ་སྤྱད་ནས་ང་ཚོའི་གསང་དོན་སྲིད་ཇུས་ལ་རྒྱུས་ལོན་གནང་རོགས། གལ་ཏེ་དོགས་གཞི་གང་ཞིག་ཡོད་ཀྱང་ང་ཚོར་འབྲེལ་བ་གནང་རོགས།

སྔོན་འགྲོའི་གཏམ།

སྐྱེལ་གཏོང་སྒོ་མོ་ནི་ཞའོ་མཱི་ཚན་རྩལ་འགན་འཁྲི་ཚད་ཡོད་ཀུང་སི་(གཤམ་དུ་“ཞའོ་མཱི”འམ་“ང་ཚོ”ཞེས་འབོད་རྒྱུ)ཡིས་ཁྱེད་ལ་ཡི་གེ་འདྲ་བཤུ་དང་། ཡུན་རིང་ལ་མནན་ཏེ་པར་ངོས་སྟེང་གི་ཡིག་རིགས་ནང་དོན་བསྡུ་ལེན་དང་།། རིག་ནུས་དཔྱད་ཞིབ། ནང་དོན་འོས་སྦྱོར་བཅས་ཀྱི་བྱེད་ནུས་ལྡན་པའི་ཐོན་རྫས་ཤིག་ཡིན།

ང་ཚོས་ཁྱེད་ཀྱི་གསང་བར་མཐོང་ཆེན་བྱེད་བཞིན་ཡོད། གསང་དོན་སྲིད་ཇུས་འདི་ནི་ཞའོ་སྨི་ཀུང་སིའི་གཏོང་སྐྱེལ་སྒོ་མོར་དམིགས་ནས་བཟོས་པའི་སྒེར་གྱི་གསང་དོན་ཐད་ཀྱི་གསལ་བཤད་དང་ཁས་ལེན་ཞིག་ཡིན་ལ། 《ཞའོ་སྨི་གསང་དོན་སྲིད་ཇུས》ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གཏོགས། གཏོང་སྐྱེལ་སྒོ་མོའི་ལས་སྒོའི་དམིགས་བསལ་གྱི་དུས་ཆད་དང་འབྲེལ་བ་ཡོད་པ་དང་། གལ་སྲིད 《ཞའོ་སྨིའི་གསང་དོན་སྲིད་ཇུས》དང་གཅིག་གྱུར་མིན་ཚེ། གསང་དོན་སྲིད་ཇུས་འདི་ཚད་གཞིར་འཛིན་དགོས་པ་དང་། གལ་སྲིད་གསང་དོན་སྲིད་ཇུས་འདི་དང་དུས་ཆད་ཀྱི་འབྲེལ་བ་མེད་ཚེ། 《ཞའོ་སྨིའི་གསང་དོན་སྲིད་ཇུས》ཚད་གཞིར་འཛིན་དགོས། ལྷག་དོན་“ནར་མ་སོན་པའི་མིའི་ཆ་འཕྲིན་སྲུང་སྐྱོབ་དང་བདེ་འཇགས་བྱེད་ཐབས། ཁོངས་བརྒལ་བརྒྱུད་འཇུག”སོགས་ཀྱི་འབྲེལ་བའི་ཐད་ཁྱེད་ཀྱིས《ཞའོ་མཱིའི་གསང་དོན་སྲིད་ཇུས》ཞིབ་མོར་བཀླག་རོགས།

གསང་དོན་སྲིད་ཇུས་དེ་གཏན་འབེབས་བྱེད་སྐབས་སྐུ་ཉིད་ཀྱི་དགོས་མཁོར་ཕྱོགས་ཡོངས་ནས་བསམ་གཞིགས་བྱས་ཡོད། ཁྱེད་ཀྱིས་ང་ཚོ་སྒེར་གྱི་དཔྱད་ཡིག་བསྡུ་རུབ་དང་རྒྱུན་སྲོལ་བེད་སྤྱོད་ཡང་ན་ཁྱེད་ཀྱིས་ཡིད་ཆེས་བརྟན་པོས་མཐའ་མཇུག་ཏུ་ཞའོ་མཱི་ཡིས་མཁོ་འདོན་བྱས་པའི་སྒེར་གྱི་ཆ་འཕྲིན་དེར་ཚོད་འཛིན་དང་བཅས་ཕྱོགས་ཡོངས་ནས་རྒྱུས་མངའ་ཡོང་བ་བྱ་རྒྱུ་ནི་གལ་ཆེན་གྱི་གནད་ཅིག་ཡིན། གསང་དོན་སྲིད་ཇུས་འདིས་ང་ཚོར་ཁྱེད་ཀྱིས་ང་ཚོའི་གཏོང་སྐྱེལ་སྒོ་མོ་སྤྱོད་དུས་མཁོ་འདོན་བྱས་པའི་ཆ་འཕྲིན་དག་ཇི་ལྟར་འཚོལ་སྡུད་དང་བཀོལ་སྤྱོད། ཡོངས་བསྒྲགས། སྒྲིག་གཅོད། ཉར་ཚགས་བྱ་དགོས་པ་གཏན་འབེབས་བྱས་ཡོད། གསང་དོན་སྲིད་ཇུས་འདིར་གཏོགས་པའི“མི་སྒེར་ཆ་འཕྲིན”ནི་ཆ་འཕྲིན་རང་ངོས་དང་གཞན་པའི་འབྲེལ་ཡོད་ཆ་འཕྲིན་བརྒྱུད་དེ་ངོས་གཏན་བྱས་པའི་མི་སྒེར་གྱི་གཞི་གྲངས་ངོས་བྱེད་པ་ལ་གོ ང་ཚོས་ནན་ཏན་གྱིས་གསང་དོན་སྲིད་ཇུས་འདི་བརྩི་སྲུང་བྱས་ཏེ་ཆ་འཕྲིན་འདི་དག་བཀོལ་ངེས།

མཇུག་མཐར་ང་ཚོས་ཁྱེད་ལ་ཆེས་ལེགས་པའི་མྱོང་རོལ་བྱེད་དུ་འཇུག་འདོད། གལ་སྲིད་ཁྱེད་རང་གསང་དོན་སྲིད་ཇུས་ཁྲོད་ཀྱི་ཞིབ་བརྗོད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་ཐད་དོགས་གཞི་གང་ཞིག་མཆིས་ཀྱང་སྐུ་ཉིད་ནས་ཡིག་ཟམ་https://privacy.mi.com/support འདི་བརྒྱུད་དེ་ང་ཚོར་འབྲེལ་བ་གནང་དང་། ང་ཚོས་ཁྱེད་ཀྱི་རེ་ཞུ་ཐག་གཅོད་བྱ་ངེས། ང་ཚོ་ཁྱེད་ཀྱིས་བསམ་འཆར་བརྗོད་པར་དགའ་སྤྲོས་ཁེངས་ཡོད།

དང་པོ། ང་ཚོས་ཆ་འཕྲིན་གང་དག་ཕྱོགས་བསྡུས་བྱེད་པ་དང་ཆ་འཕྲིན་དེ་དག་ཇི་ལྟར་སྤྱོད་ཚུལ།

(གཅིག)ཁྱེད་ཀྱིས་ང་ཚོར་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཕྱོགས་བསྡུས་དང་བཀོལ་སྤྱོད་ཀྱི་དབང་ཆ་སྤྲད་པའི་གནས་ཚུལ།

མི་སྒེར་གྱི་ཆ་འཕྲིན་ཕྱོགས་བསྡུས་བྱེད་པའི་དམིགས་ཡུལ་ནི་ཁྱེད་ལ་ཐོན་རྫས་དང་/ཞབས་ཞུ་འདོན་སྤྲོད་བྱེད་པའི་ཆེད་དུ་ཡིན་ལ། ང་ཚོས་བཀོལ་བཞིན་པའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། གཞན་པའི་ཚད་ལྡན་ཅན་གྱི་ཡིག་ཆར་བརྩི་སྲུང་བྱེད་པར་འགན་སྲུང་བྱེད་པའང་ཡིན། ཁྱེད་ལ་ཆ་འཕྲིན་དེ་མཁོ་འདོན་བྱེད་དགོས་མིན་གདམ་གསེས་ཀྱི་དབང་ཆ་ཡོད། ཡིན་ནའང་གནས་ཚུལ་མང་ཆེ་བ་ལྟར་ན། གལ་སྲིད་ཁྱེད་ཀྱིས་མཁོ་འདོན་མ་བྱས་ན་ང་ཚོས་ཁྱེད་ལ་དེ་མཐུན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་ཐབས་བྲལ་བར་མ་ཟད། ཁྱེད་ཀྱི་གནད་དོན་ལ་ལན་ཡང་བཏབ་ཐབས་བྲལ། བྱེད་ནུས་དེ་དག་ལ་འདི་དག་འདུས་ཏེ།

1、ཡིག་རིགས་ངོས་འཛིན།

ཁྱེད་ལ་བྱེད་ནུས་འདི་མཁོ་འདོན་བྱ་ཆེད། ང་ཚོས་ཁྱེད་ཀྱི་སྒྲིག་ཆས་མཚོན་རྟགསOAIDདང་། སྒྲིག་ཆས་འཕྲུལ་རིགས། སྒྲིག་ཆས་ཀྱི་མིང་། ཨན་ཀྲའོ་པར་གཞི། མ་ལག་པར་གཞི། དྲ་རྒྱའི་དབྱེ་རིགས། རྒྱལ་ཁབ་དང་སྐད་རིགས་མི་འདྲ་བར་གཞིགས་ཏེ་ཁྱེད་ལ་དམིགས་གཏད་ཞབས་ཞུ་མཁོ་འདོན་བྱེད། དུས་མཚུངས་སུ་སྐྱེལ་གཏོང་སྒོ་མོས་ཡིག་རིགས་ཁྲོད་ཀྱི་སྤྱི་སྤྱོད་ཐ་སྙད་དང་། ས་གནས་སོགས་ཀྱི་ཆ་འཕྲིན་ངོས་འཛིན་བྱས་ཏེ་བཤེར་ཆས་སམ་ས་བཀྲའི་སྟེང་འབྲེལ་ཡོད་ཆ་འཕྲིན་ལྟ་ཀློག་ཐུབ་པའི་བྱེད་ནུས་ལྡན་ཡོད། བྱེད་ནུས་འདི་མངོན་འགྱུར་ཐུབ་ཆེད་ང་ཚོས་ཁྱེད་ཀྱིས་ཡར་སྐྱེལ་བྱས་པའི་པར་རིས་སྟེང་གི་ཡིག་རིགས་ལ་དབྱེ་འབྱེད་ངོས་འཛིན་བྱེད།

2、པར་རིས་ངོས་འཛིན།

སྐྱེལ་གཏོང་སྒོ་མོས་པར་རིས་ངོས་འཛིན་བྱས་ཏེ་ཅག་དངོས་ཉོ་ཐུབ་ལ། པར་རིས་སྟེང་གི་རྩ་གཉིས་བཤེར་རིས་དང་རྒྱུན་སྤྱོད་ཅག་དངོས་དབྱེ་འབྱེད་བྱེད་ཐུབ། གོང་གསལ་བྱེད་ནུས་མངོན་འགྱུར་ཐུབ་ཆེད། ང་ཚོས་པར་རིས་ནང་དོན་ཐོབ་ལེན་དང་སྒྲིག་ཆས་བརྒལ་ཏེ་ཞའོ་༁འེ་མཐོང་སྣེའི་སྟེང་པར་རིས་ངོས་འཛིན་བྱེད། པར་རིས་ངོས་འཛིན་གྱི་བརྒྱུད་རིམ་ཆ་ཚང་སྤྱོད་མཁན་སྣེ་མོའི་སྟེང་ལེགས་གྲུབ་བྱེད་པ་ལས་ཉར་འཇོག་དང་ཀློག་འདོན་མི་བྱེད།

སྐྱེལ་གཏོང་སྒོ་མོས་ད་དུང་པར་རིས་ཡིག་ཕབ་ཀྱི་བྱེད་ནུས་མཁོ་འདོན་བྱེད། ང་ཚོས་ཁྱེད་ནས་ཕབ་སྒྱུར་དགོས་པའི་པར་རིས་བསྡུ་ལེན་བྱས་ཏེ་ཡིག་ཕབ་བྱེད། པར་རིས་ངོས་འཛིན་གྱི་བརྒྱུད་རིམ་ཆ་ཚང་སྤྱོད་མཁན་སྣེ་མོའི་སྟེང་ལེགས་གྲུབ་བྱེད་པ་ལས་ཉར་འཇོག་དང་ཀློག་འདོན་མི་བྱེད།

3、ཉེར་སྤྱོད་མིང་ཐོ་ནག་པོ།

ཁྱེད་ཀྱིས་ཉེར་སྤྱོད་མིང་ཐོ་ནག་པོའི་བྱེད་ནུས་སྤྱད་དེ་དམིགས་གཏད་ཉེར་སྤྱོད་ཁྲོད་སྐྱེལ་གཏོང་སྒོ་མོའི་ངོས་འཛིན་བྱེད་མིན་ཚོད་འཛིན་བྱས་ཆོག གོང་གི་བྱེད་ནུས་འདི་མངོན་འགྱུར་ཐུབ་ཆེད། ང་ཚོས་ཁྱེད་ཀྱི་སྒྲིག་ཆས་སྟེང་ཉེར་སྤྱོད་རེའུ་མིག་སྒྲིག་སྦྱོར་ཡོད་དགོས། ཆ་འཕྲིན་དེ་རིགས་ནི་ཉེར་སྤྱོད་ཀྱི་མིང་ཐོ་ནག་པོ་སྟོན་རྒྱུ་ཁོ་ནར་སྤྱོད།

(གཉིས།)ཁྱེད་ཀྱིས་གཤམ་གྱི་གནས་ཚུལ་འོག་ང་ཚོས་མི་སྒེར་གྱི་ཆ་འཕྲིན་ཕྱོགས་བསྡུས་དང་བཀོལ་སྤྱོད་བྱེད་སྐབས་ཁྱེད་འཐད་པ་བྱུང་མི་དགོས་པ་མཁྱེན་དགོས།:

1、རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་སྲུང་བདེ་འཇགས་དང་འབྲེལ་བ་ཡོད་པ།

2、སྤྱི་པའི་བདེ་འཇགས་དང་སྤྱི་པའི་འཕྲོད་བསྟེན། སྤྱི་པའི་ཁེ་ཕན་ཆེན་པོ་དང་འབྲེལ་བ་ཡོད་པ།

3、ཉེས་ཁྲིམས་ཞིབ་བཤེར་དང་ཞུ་གཏུགས། འདྲི་གཅོད། འདྲི་གཅོད་ལག་བསྟར་སོགས་དང་འབྲེལ་བ་ཡོད་པ།

4、མི་སྒེར་གྱི་ཆ་འཕྲིན་གྱི་གཙོ་གཞི་དང་གཞན་པའི་མི་སྒེར་གྱི་ཚེ་སྲོག་དང་རྒྱུ་ནོར་སོགས་ཁྲིམས་མཐུན་ཁེ་དབང་ཆེན་ལ་འགན་སྲུང་བྱེད་པར་དམིགས་ནའང་རང་ངོས་ནས་མོས་མཐུན་མ་བྱུང་བ།

5、ཕྱོགས་བསྡུས་བྱས་པའི་མི་སྒེར་གྱི་ཆ་འཕྲིན་ནི་ཆ་འཕྲིན་བདག་པོས་རང་ངོས་ནས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་པ།

6、ཁྲིམས་མཐུན་ངང་མངོན་བསྒྲགས་བྱས་པའི་ཆ་འཕྲིན་ཁྲོད་ཁྱེད་ཀྱི་ཆ་འཕྲིན་ཕྱོགས་བསྡུས་བྱས་པ། གལ་སྲིད་ཁྲིམས་མཐུན་གྱི་གསར་འགྱུར་དྲིལ་བསྒྲགས་དང་སྲིད་གཞུང་གི་ཡོངས་བསྒྲགས་ཆ་འཕྲིན་སོགས་ཀྱི་བརྒྱུད་ལམ།

7、ཁྱེད་ཀྱི་རེ་བ་ལྟར་གན་རྒྱ་འཇོག་པར་དགོས་པ།

8、འགན་སྲུང་ལ་མཁོ་འདོན་བྱས་པའི་ཐོན་རྫས་/ཞབས་ཞུའི་བདེ་འཇགས་བརྟན་བརླིང་འཁོར་སྐྱོད་ལ་དགོས་པ་སྟེ། དཔེར་ན། ཤེས་རྟོག་དང་ཐོན་རྫས་ཐག་གཅོད/ཞབས་ཞུའི་དོན་རྐྱེན།

9、ཁྲིམས་མཐུན་གྱི་གསར་འགྱུར་དྲིལ་བསྒྲགས་ལ་དགོས་པ།

10、རིག་གཞུང་ཞིབ་འཇུག་སྡེ་ཁག་གིས་སྤྱི་པའི་ཁེ་ཕན་ལ་དམིགས་ནས་ཕྱོགས་བསྡོམས་དང་རིག་གཞུང་ཞིབ་འཇུག་ལ་དགོས་གལ་ཆེ་ཞིང་། མཇུག་འབྲས་ཕྱི་ལ་རིག་གཞུང་ཞིབ་འཇུག་དང་ཞིབ་བརྗོད་བྱེད་སྐབས་མཇུག་འབྲས་ཁྲོད་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་ངོས་འཛིན་རང་བཞིན་གྱི་ཐག་གཅོད་བྱེད་པ།

(གསུམ)མི་སྒེར་གྱི་ཆ་འཕྲིན་མ་ཡིན་པ།

ང་ཚོས་ད་དུང་དམིགས་བསལ་གྱི་མི་སྒེར་གྱི་ཆ་འཕྲིན་(མི་སྒེར་གྱི་ཆ་འཕྲིན་ལ་མི་དབང་)འཚོལ་བསྡུ་བྱེད་མི་ཐུབ། དཔེར་ན། ཁྱེད་རང་གིས་དམིགས་བསལ་ཞབས་ཞུ་བྱེད་སྐབས་ཐོན་པའི་བསྡོམས་རྩིས་རིགས་ཀྱི་གྲངས་གཞི་དཔེར་ན། སྒྲིག་ཆས་ཀྱི་འབྲེལ་ཡོད་ཆ་འཕྲིན་དང་། ཉིན་རེའི་དོན་རྐྱེན། ཤོག་ངོས་ཀྱི་འཚམས་འདྲིའི་དོན་རྐྱེན། ཤོག་ངོས་ཀྱི་འཚམས་འདྲིའི་དོན་རྐྱེན་སོགས་ལྟ་བུ། དྲ་རྒྱའི་ལྟ་སྐུལ་ཚོད་འཛིན་གྱི་གཞི་གྲངས་ལ་རེ་ཞུའི་དུས་ཡུན་རིང་བ་དང་། རེ་ཞུ་དང་ནོར་འཁྲུལ་གྱི་རེ་ཞུའི་གྲངས་ཀ་སོགས། དེ་བཞིན་བཀོལ་སྤྱོད་བྱས་ནས་ཐོར་ཞིག་ཏུ་འགྲོ་བའི་དོན་རྐྱེན་བྱུང་བ་རེད། ཆ་འཕྲིན་འདི་རིགས་འཚོལ་སྡུད་བྱེད་པའི་དམིགས་ཡུལ་ནི་ང་ཚོས་ཁྱེད་ལ་འདོན་སྤྲོད་བྱས་པའི་ཞབས་ཞུ་ཇེ་ལེགས་སུ་གཏོང་རྒྱུ་དེ་ཡིན། འཚོལ་སྡུད་བྱས་པའི་ཆ་འཕྲིན་གྱི་རིགས་དང་གྲངས་འབོར་ལ་རག་ལས་ཡོད་། ཁྱེད་ཀྱིས་ང་ཚོའི་ཐོན་རྫས་དང་/ཡང་ན་ཞབས་ཞུ་བེད་སྤྱོད་ཇི་ལྟར་བྱ་དགོས།

ཡིག་ཆ་དབྱེ་འབྱེད་བྱས་ནས་ཡར་སྤྲོད་བྱས་པའི་རྒྱན་ཚིག་ཡིག་ཆ་དང་། པར་རིས་ཡིག་ཆར་བརྗེ་སྒྱུར་བྱེད་དུས་ཡར་སྤྲོད་བྱས་པའི་པར་རིས་ལ་ང་ཚོས་མིང་གསང་བའི་སྒྲིག་གཅོད་བྱས་རྗེས། OCRབརྩི་སྟངས་དཔེ་དབྱིབས་ཀྱི་སྦྱོང་བརྡར་དང་ང་ཚོས་སྤྱོད་མཁན་ལ་སྔར་ལས་ལེགས་པའི་ཞབས་ཞུ་འདོན་སྤྲོད་བྱེད་པར་རོགས་རམ་བྱེད་པར་བེད་སྤྱོད་བྱེད་པ་ཡིན། གསང་དོན་སྲིད་ཇུས་འདིའི་ངོས་ནས་བཤད་ན། ཕྱོགས་བསྡུས་དང་མིང་གསང་བའི་རང་བཞིན་གྱི་གཞི་གྲངས་ནི་མི་སྒེར་མ་ཡིན་པའི་ཆ་འཕྲིན་དུ་བརྩི་བ་ཡིན། གལ་ཏེ་ང་ཚོས་མི་སྒེར་གྱི་ཆ་འཕྲིན་མ་ཡིན་པ་དང་མི་སྒེར་གྱི་ཆ་འཕྲིན་ཟུང་འབྲེལ་བྱས་ནས་བཀོལ་སྤྱོད་བྱས་ན། ཆ་འཕྲིན་དེ་རིགས་མི་སྒེར་གྱི་ཆ་འཕྲིན་ལ་བརྩི་གི་ཡོད།

གཉིས། ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚན་པར་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་མཉམ་སྤྱོད་བྱེད་པ།

ལས་སྒོ་འདིའི་ཁྲོད་ཞབས་ཞུ་ཁ་ཤས་ཀྱི་ནང་དོན་ཕྱོགས་གསུམ་པའི་མཁོ་འདོན་ཚན་པས་མཁོ་འདོན་ཞུས་ཡོད། མནན་ཏེ་ལྟ་བཤེརང་ཚོས་མཉམ་ལས་རོགས་ཟླ་དང་། ཕྱོགས་གསུམ་པར་ཁྱེད་རང་གི་མི་སྒེར་གྱི་ཆ་འཕྲིན་མཉམ་སྤྱོད་བྱེད་པའི་གནས་ཚུལ་ཡིན། གལ་སྲིད་ང་ཚོས་ཕྱོགས་གསུམ་པ་འདི་དག་ལ་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་འདོན་སྤྲོད་བྱས་ཚེ་ང་ཚོས་གསང་རྒྱ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁྱེད་ཀྱི་ཆ་འཕྲིན་བདེ་འཇགས་ལ་འགན་སྲུང་བྱེད་ངེས། ང་ཚོ་དང་མི་སྒེར་གྱི་ཆ་འཕྲིན་མཉམ་སྤྱོད་བྱས་པའི་ཀུང་སི་དང་ཚོགས་པའིབར་ལ་ང་ཚོས་གཞི་གྲངས་བདེ་འཇགས་ཁོར་ཡུག་ལུགས་མཐུན་ཡིན་མིན་ལ་རྟོག་ཞིབ་བྱས་པར་མ་ཟད། གཟབ་ནན་སྒོས་གཞི་གྲངས་ཐག་གཅོད་ཀྱི་གྲོས་ཆོད་ལ་མིང་རྟགས་བཀོད་དེ། ཕྱོགས་གསུམ་པས་ཁྱེད་ཀྱི་ཆ་འཕྲིན་བསྡུ་ལེན་ལ་སྲུང་སྐྱོབ་འདང་ངེས་བྱ་དགོས་པའི་བླང་བྱ་འདོན་པ་དང་། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་དང་ལྟ་སྐུལ་ལ་བརྩི་སྲུང་བྱ་དགོས་པའི་བླང་བྱ་འདོན་ངེས།

གསུམ། སོར་འཇོག་སྲིད་ཇུས།

ང་ཚོས་གསང་དོན་སྲིད་ཇུས་འདིར་བརྗོད་པའི་ཆ་འཕྲིན་ཕྱོགས་བསྡུས་ཀྱི་དམིགས་ཡུལ་ལ་དགོས་པའི་དུས་ཚད་ལ་དམིགས་པའམ། ཡང་ན་འབྲེལ་ཡོད་ཁྲིམས་ལུགས་བླང་བྱ་བརྩི་སྲུང་བྱས་ཏེ་མི་སྒེར་གྱི་ཆ་འཕྲིན་སོར་འཇོག་བྱེད་ངེས། མི་སྒེར་གྱི་ཆ་འཕྲིན་ཕྱོགས་བསྡུས་བྱས་ཚར་བའམ་ང་ཚོས་ཁྱེད་ཀྱིས་གསུབ་དོར་དང་ཕྱིར་འཐེན་གྱི་རེ་ཞུ་བྱས་པ་གསལ་བོར་ངེས་རྗེས་སམ། ང་ཚོས་འབྲེལ་ཡོད་ཐོན་རྫས་དང་ཞབས་ཞུ་མཚམས་བཞག་རྗེས་ང་ཚོས་སོར་འཇོག་གི་མཚམས་འཇོག་རྒྱུ་ཡིན་པ་དང་། གསུབ་དོར་དང་མིང་མེད་ཅན་གྱི་ཐག་གཅོད་ཀྱང་བྱ་དགོས།

གལ་སྲིད་སྤྱི་པའི་ཁེ་ཕན་དང་ཚན་རིག ལོ་རྒྱུས་ཞིབ་འཇུག་དང་ཕྱོགས་བསྡོམས་ཀྱི་དམིགས་ཡུལ་ལ་གཞིགས་པ་ཡིན་ན། ང་ཚོས་སྤྱད་འཐུས་ཀྱི་ཁྲིམས་ལུགས་ལྟར་མུ་མཐུད་དུ་འབྲེལ་ཡོད་གཞི་གྲངས་སོར་འཇོག་བྱེད་ངེས། རྗེས་མའི་གཞི་གྲངས་ཐག་གཅོད་དང་སྔར་ཡོད་ཀྱི་ཕྱོགས་བསྡུས་དམིགས་ཡུལ་ལ་འབྲེལ་བ་མེད་ཀྱང་དེ་ལྟར་བྱེད་ངེས།

ཁྱེད་ཀྱི་ཆ་འཕྲིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་ཉར་ཚགས་བྱེད་ངེས།

བཞི་པ། ཁྱེད་ཀྱི་དབང་ཆ།

(གཅིག)སྒྲིག་བཀོད་ཚོད་འཛིན།

ང་ཚོས་མི་སོ་སོས་གསང་དོན་དབང་ཆར་དོ་སྣང་བྱེད་ཚུལ་མི་འདྲ་བར་ཁས་ལེན་བྱེད་བཞིན་ཡོད། དེ་བས་ང་ཚོས་དཔེ་གཞི་འགའ་འདོན་སྤྲོད་བྱས་ཏེ་གཏོང་སྐྱེལ་སྒོ་མོའི་ལས་སྒོས་འདོན་སྤྲོད་བྱས་པའི་བྱེད་སྟངས་སྣ་ཚོགས་གསལ་བཤད་བྱས་ནས་ཁྱེད་ལ་གདམ་ཀ་འདོན་སྤྲོད་བྱེད་པ་དང་།དེ་ལས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་འཚོལ་སྡུད་དང་བཀོལ་སྤྱོད། ཁྱབ་བསྒྲགས་སམ་སྒྲིག་གཅོད་བྱེད་པར་ཚོད་འཛིན་དང་ཁྱེད་ཀྱི་གསང་དོན་དབང་ཆ་སྒྲིག་འགོད་ཚོད་འཛིན་བྱས་ཡོད།

  • “སྒྲིག་འགོད-ཁྱད་ལྡན་བྱེད་ནུས་-གཏོང་སྐྱེལ་སྒོ་མོ-ཡིག་རིགས་འདྲ་བཤུ་”ཞེས་པའི་མཐེབ་བཀྱག་ནས་ཁ་ཕྱེ་བའམ་ཁ་རྒྱག་ཆོག

  • “སྒྲིག་འགོད-ཁྱད་ལྡན་བྱེད་ནུས-སྐྱེལ་གཏོང་སྒོ་མོ-ཡུན་རིང་མནན་ཏེ་ཁ་ཕྱེས”ཞེས་པ་བརྒྱུད་དེ་བྱེད་ནུས་ཁ་ཕྱེ་བའམ་ཁ་རྒྱག་ཆོག

  • “སྐྱེལ་གཏོང་སྒོ་མོ-གསང་དོན་སྒྲིག་འགོད-མོས་མཐུན་བྱས་པ་ཕྱིར་འཐེན”ཞེས་པ་ལས་ཕྱིར་འཐེན་མོས་མཐུན་བྱོས།

གལ་སྲིད་ཁྱེད་རང་གོང་དུ་བརྗོད་པའི་དམིགས་ཡུལ་གྱི་དབང་གིས་ང་ཚོས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བཀོལ་སྤྱོད་བྱེད་པར་མོས་མཐུན་ཡོད་ན། ཁྱེད་ཀྱིས་དུས་ནམ་ཡིན་ཡང་ཡིག་ཐོག་གམ་ཡང་ན་ https://privacy.mi.com/support ལ་ཡི་གེ་བསྐུར་ཏེ་ང་ཚོར་འབྲེལ་བ་བྱོས་དང་ང་ཚོས་ཁྱེད་ཀྱི་ཐག་གཅོད་ལ་འགྱུར་བ་གཏོང་།

(གཉིས)ཁྱེད་ཀྱིས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་དབང་བའི་དབང་ཆ།

ཁྱེད་ལ་མཚམས་པའི་རྒྱལ་ཁབ་བམ་ས་ཁུལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་གཞིགས་ན། ང་ཚོར་ཡོད་པའི་ཁྱེད་དང་འབྲེལ་བའི་སྒེར་འཕྲིན་གང་རུང་ལ་ཁྱེད་ཀྱིས་ལྟ་སྤྱོད་དང་། བཟོ་བཅོས། སུབ་པ་བཅས་བྱས་ཆོག་པའི་དབང་ཆ་ཡོད། (གཤམ་དུ་“རེ་ཞུ”ཞེས་འབོད་རྒྱུ)

ཞའོ་མཱི་ཁ་པར་ནང་དུ་ཡོད་པའི་ཁྱེད་དང་འབྲེལ་ཡོད་ཀྱི་སྒེར་གྱི་ཞིབ་ཕྲའི་ཆ་འཕྲིན་ལ་བལྟ་ཀློག་དང་བཟོ་བཅོས་བྱེད་དགོས་ཚེ། https://account.xiaomi.com བརྒྱུད་དེ་ཁྱེད་ཀྱི་སྒྲིག་ཆས་ཀྱི་ཐོ་ཁོངས་ནང་དུ་ཐོ་འཇུག་བྱེད་དགོས། དེ་མིན་གྱི་ཆ་འཕྲིན། ཁ་པར་གཏོང་བའམ་ https://privacy.mi.com/support ལ་ལྟ་སྤྱོད་བྱས་ནས་ང་ཚོར་འབྲེལ་བ་གནང་རོགས།

བཅའ་ཁྲིམས་མང་ཆེ་བས་མི་སྒེར་གྱི་ཆ་འཕྲིན་བདག་པོས་བཏོན་པའི་རེ་བ་ལ་བརྩི་སྲུང་བྱ་དགོས་པའི་བླང་བྱ་བཏོན་པ་དང་། གསང་དོན་སྲིད་ཇུས་ཀྱིས་ཁྱེད་ཀྱི་རེ་ཞུ་གཤམ་གྱི་གནས་ཚུལ་དང་མཐུན་དགོས་པའི་རེ་བ་བཏོན་པ་སྟེ།

  • ང་ཚོའི་ཆེད་མངགས་རེ་ཞུའི་ཐབས་ལམ་བརྒྱུད་པ་དང་། དེ་མིན་ཉིད་ཀྱི་ཆ་འཕྲིན་བདེ་འཇགས་ལ་སྲུང་སྐྱོབ་བྱ་ཆེད། ཉིད་ཀྱི་རེ་ཞུ་དེ་ཡིག་ཐོག་རེ་ཞུ་ཡིན་དགོས།(ས་གནས་དེ་གའི་བཅའ་ཁྲིམས་ཀྱིས་ངག་ཐོག་རེ་ཞུ་ཁས་ལེན་བྱེད་པ་ལས་ཕུད)

  • ང་ཚོའི་ཆེད་མངགས་རེ་ཞུའི་ཐབས་ལམ་བརྒྱུད་པ་དང་། དེ་མིན་ཉིད་ཀྱི་ཆ་འཕྲིན་བདེ་འཇགས་ལ་སྲུང་སྐྱོབ་བྱ་ཆེད། ཉིད་ཀྱི་རེ་ཞུ་དེ་ཡིག་ཐོག་རེ་ཞུ་ཡིན་དགོས།(ས་གནས་དེ་གའི་བཅའ་ཁྲིམས་ཀྱིས་ངག་ཐོག་རེ་ཞུ་ཁས་ལེན་བྱེད་པ་ལས་ཕུད)

གལ་སྲིད་ང་ཚོས་ཆ་འཕྲིན་འདང་ངེས་ཤིག་ཐོབ་ནས་ཉིད་ཀྱི་རེ་བ་ཐག་གཅོད་བྱས་ཆོག་དུས། ང་ཚོས་གཞི་གྲངས་སྲུང་སྐྱོབ་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་དུས་ཚོད་ནང་ཁྱེད་ཀྱི་རེ་བར་ལན་འདེབས་རྒྱུ་རེད། ཞིབ་མོར་བརྗོད་ན།

  • ཁྱེད་ཀྱི་རེ་བ་དང་སྤྱོད་པའི་ཁྲིམས་ལུགས་གཏན་འབེབས་ལ་གཞིགས་ནས། ང་ཚོས་རིན་མེད་སྒོས་ཁྱེད་ཀྱི་མི་སྒེར་གྱི་གཞི་གྲངས་སྐོར་གྱི་འཚོལ་སྡུད་དང་ཐག་གཅོད་བྱས་པའི་ཟིན་ཐོ་ཞིག་མཁོ་འདོན་བྱས་ཆོག གལ་སྲིད་ཉིད་ཀྱིས་འབྲེལ་ཡོད་ཆ་འཕྲིན་སྐོར་གྱི་རེ་ཞུ་གཞན་དག་བཏོན་ན། ང་ཚོས་འབྲེལ་ཡོད་ཀྱི་ཁྲིམས་ལུགས་གཞིར་བཟུང་ཞིང་། དངོས་ཡོད་ཀྱི་དོ་དམ་མ་རྩ་དང་ཟུང་དུ་སྦྲེལ་ཏེ་ཁྱེད་ལ་ལུགས་མཐུན་གྱི་འགྲོ་གྲོན་ཞིག་བསྡུ་ངེས།

  • གལ་སྲིད་ཉིད་ཀྱིས་ང་ཚོས་ཉར་བའི་ཉིད་ཀྱི་ཆ་འཕྲིན་གང་རུང་ཞིག་ཡང་དག་མིན་པའམ་ཆ་ཚང་མིན་པར་འདོད་ན། བཀོལ་སྤྱོད་དམིགས་ཡུལ་གཞིར་བཟུང་ནས་མི་སྒེར་གྱི་ཆ་འཕྲིན་དག་བཅོས་དང་འཐུས་ཚང་བྱས་ཆོག

  • ཁྱེད་ཀྱིས་སྤྱོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་ནས། ཉིད་ལ་ང་ཚོར་ཁྱེད་རང་གི་མི་སྒེར་ཆ་འཕྲིན་སུབ་དགོས་པའི་བླང་བྱ་འདོན་དབང་ཡོད། ང་ཚོས་ཉིད་ཀྱི་སུབ་འདོར་རེ་ཞུར་གཞིགས་ནས་དཔྱད་དཔོག་བྱེད་པ་དང་། གལ་སྲིད་བབ་མཚུངས་ཀྱི་གཏན་འབེབས་སྐོང་ཐུབ་ན། ང་ཚོས་ལག་རྩལ་བྱེད་ཐབས་དང་ཁོངས་སུ་གཏོགས་པའི་བབ་མཚུངས་གོམ་རིམ་སྤྱད་དེ་ཐག་གཅོད་བྱས་ཆོག

ང་ཚོར་སྙིང་པོ་མེད་པའམ་རྙོག་དྲ་སློང་བའི་བསྐྱར་ཟློས་ཀྱི་རེ་ཞུ་དང་། གཞན་གྱི་གསང་དོན་ཁེ་དབང་ལ་གནོད་འཚེ་ཡོད་པའི་རེ་ཞུ། དེ་བཞིན་དོན་དངོས་དང་མི་མཐུན་པའི་རེ་ཞུ། རེ་ཞུ་དང་འབྲེལ་མེད་ཀྱི་ལག་རྩལ་ལས་ཀ་སོགས་ལ་དང་ལེན་མི་བྱེད་པའི་དབང་ཆ་ཡོད་ཅིང་། ས་གནས་ཁྲིམས་ལུགས་ཇི་བཞིན་རེ་ཞུར་ཡ་ལན་མ་སྤྲད་ཀྱང་ཆོག སྤྱི་བསྒྲགས་ཟིན་པའི་ཆ་འཕྲིན་དང་། གསང་རྒྱ་བྱས་པའི་ཆ་འཕྲིན་སོགས་ཕྱིར་མ་སྤྲད་ཀྱང་ཆོག་པ་ཡིན། གལ་སྲིད་ང་ཚོས་གཞི་གྲངས་བསུབ་པའམ་གཞི་གྲངས་ལ་འཚམ་འདྲི་བྱེད་པའི་རེ་ཞུའི་ཕྱོགས་འགའ་ཤས་ལས་ང་ཚོས་གོང་དུ་བཤད་པའི་མགོ་སྐོར་གཡོ་འཕྲུལ་ལ་ངོ་རྒོལ་དང་བདེ་འཇགས་དམིགས་ཡུལ་ལ་དམིགས་ནས་གཞི་གྲངས་ཁྲིམས་མཐུན་བེད་སྤྱོད་བྱེད་མ་ཐུབ་ན་རེ་ཞུ་ཁས་ལེན་མི་བྱེད།

(གསུམ)མོས་མཐུན་ཕྱིར་འཐེན།

  • ཁྱེད་ཀྱིས་“སྐྱེལ་གཏོང་སྒོ་མོ་-གསང་དོན་སྒྲིག་འགོད་-མོས་མཐུན་ཕྱིར་འཐེན”ཞེས་པའི་ཁྲོད་ནས་ཕྱིར་འཐེན་བྱོས། དེའི་ཁྲོད་ང་ཚོས་བསྡུ་ལེན། བེད་སྤྱོད་དང/ཕྱིར་སྟོན་བྱས་པའི་ཁྱེད་ཀྱི་སྒེར་འབྲེལ་ཆ་འཕྲིན་ཚུད་ཡོད།ཁྱེད་ཀྱིས་བེད་སྤྱོད་བྱེད་པའི་གཞི་རྩའི་ཞབས་ཞུར་གཞིགས་ནས། https://privacy.mi.com/support ལ་ལྟ་སྤྱོད་བྱས་པ་བརྒྱུད་ང་ཚོར་འབྲེལ་ཡོད་ཀྱི་བཀོལ་སྤྱོད་བེད་སྤྱོད་བྱེད་པ་ཤོད་དགོས། ང་ཚོས་ཁྱེད་ཀྱིས་རེ་ཞུ་བྱས་རྗེས་དུས་ཚོད་ཡང་དག་པའི་ནང་ཁྱེད་ཀྱི་རེ་ཞུ་ཐག་གཅོད་བྱེད་སྲིད་ལ། ཁྱེད་ཀྱི་རེ་བ་ལྟར་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་། བེད་སྤྱོད་/ཐེར་འདོན་སོགས་མི་བྱེད།

  • ཁྱེད་ཀྱིས་མོས་མཐུན་ཕྱིར་འཐེན་བྱས་ན་བཅའ་ཁྲིམས་ཀྱི་མཇུག་འབྲས་འགའ་བསྐྱེད་སྲིད་པར་མཉམ་འཇོག་གནང་རོགས། ཁྱེད་ཀྱིས་ང་ཚོས་དབང་སྤྲོད་བྱས་པའི་ཆ་འཕྲིན་ཐག་གཅོད་ཀྱི་ཁྱབ་ཁོངས་ལྟར་ན་ཉིད་ཀྱིས་མུ་མཐུད་དུ་ཞའོ་མཱི་ཐོན་རྫས་སམ་ཞབས་ཞུ་ལོངས་སྤྱོད་བྱེད་མི་ཐུབ་པར་འགྱུར་སྲིད། འོན་ཀྱང་ཉིད་ཀྱིས་མོས་མཐུན་ཕྱིར་འཐེན་ནམ་དབང་ཆ་སྤྲད་པའི་ཆོད་དོན་གྱིས་སྔར་ཡོད་ཀྱི་ཉིད་ཀྱིས་མོས་མཐུན་བྱུང་ཞིང་སྤེལ་བའི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་ཀྱི་ཕན་ནུས་རང་བཞིན་ལ་ཤུགས་རྐྱེན་མི་ཐེབས།

(བཞི)ཞབས་ཞུའམ་ཐོ་ཨང་འདོར་བསུབ་བྱེད་པ།

གལ་སྲིད་ཁྱེད་རང་གིས་བྱེ་བྲག་གི་ཐོན་རྫས་དང་ཞབས་ཞུ་ཕྱིར་འཐེན་བྱེད་བསམ་པའམ། བྱེ་བྲག་གི་ཐོན་རྫས་དང་ཞབས་ཞུའི་གསང་དོན་སྲིད་ཇུས་ཁྲོད་གསལ་བཤད་གསལ་བོ་བྱས་ཡོད་པས་ཁྱེད་ཀྱིས་ཐབས་ལམ་དེ་བརྒྱུད་དེ་དེའི་མཐུན་གྱི་ཞབས་ཞུ་ཕྱིར་འཐེན་བྱེད་པར་རེ་ཞུ་བྱས་ཆོག གལ་སྲིད་དམིགས་བསལ་གྱི་གཏན་འབེབས་མེད་ཚེ་ཁྱེད་ཀྱིས་ཡིག་ཟམ https://privacy.mi.com/support འདི་བརྒྱུད་དེ་ཞབས་ཞུ་ཕྱིར་འཐེན་བྱས་ཆོག

གལ་ཏེ་ཁྱེད་ཀྱི་རེ་བར་ཞའོ་མཱི་རྩིས་ཐོའི་ཨང་གྲངས་ཐོ་ཁོངས་ནས་སུབ་རྒྱུ་དེ་ཡིན། ཞའོ་མཱིའི་རྩིས་ཐོའི་ཨང་གྲངས་མེད་པ་བཟོས་པའི་དབང་གིས་ཁྱེད་རང་ལ་ཞའོ་མཱིའི་ལམ་ཐིག་ཧྲིལ་པོའི་ཐོན་རྫས་དང་ཞབས་ཞུ་བེད་སྤྱོད་བྱེད་ཐབས་བྲལ་བས་ཁྱེད་ཀྱིས་གཟབ་ནན་ངང་བཀོལ་སྤྱོད་བྱེད་དགོས། ང་ཚོས་ཁྱེད་རང་དང་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད་ཁྱེད་རང་གིས་ཁྲེ་ཐོན་རྫས་ཁག་དང་ཞབས་ཞུ་བེད་སྤྱོད་བྱས་ཚུལ་དང་ཟུང་འབྲེལ་བྱས་ནས་ཁྱེད་རང་གི་ཐོ་ཁོངས་ནས་སུབ་རྒྱུའི་རེ་འདུན་ལ་རྒྱབ་སྐྱོར་བྱེད་མིན་བརྡར་ཤ་གཅོད་ཀྱི་ཡིན།དཔེར་ན་ད་དུང་འཇལ་མེད་པའི་དུས་བགོས་དང་། ང་ཚོས་ལམ་སེང་ཁྱེད་རང་གི་རེ་བ་ལ་རྒྱབ་སྐྱོར་བྱེད་མི་ཐུབ།

ལྔ་པ། ཕྱོགས་གསུམ་པའི་དྲ་ཚིགས་དང་ཞབས་ཞུ།

ང་ཚོའི་གསང་དོན་སྲིད་ཇུས་དེ་ཕྱོགས་གསུམ་པས་མཁོ་འདོན་བྱས་པའི་ཐོན་རྫས་དང་ཞབས་ཞུ་ལ་བེད་སྤྱོད་མི་འཚམ། དེ་ཁྱེད་ཀྱི་བེད་སྤྱོད་བྱེད་བཞིན་པའི་གཏོང་སྐྱེལ་སྒོ་མོའི་ཐོན་རྫས་སམ་ཞབས་ཞུར་རག་ལས། དེའི་ཁྲོད་དུ་ཕྱོགས་གསུམ་པའི་ཐོན་རྫས་སམ་ཞབས་ཞུ་འདུ་སྲིད་དེ། དེའི་ནང་དུ་རིག་མཛོད་ཤེས་བྱ་ལྟ་བཤེར་དང་གནས་ཡུལ་གཏན་ཁེལ། ཕྱོགས་སྟོན་སོགས་རིགས་དབྱེ་གཏོགས་ལ། དེ་ལས་ཁ་ཤས་ཕྱོགས་གསུམ་པའི་དྲ་ཚིགས་ཀྱི་སྦྲེལ་མཐུད་རྣམ་པའི་སྒོ་ནས་མཁོ་འདོན་བྱེད་པ་དང་། ཡང་ཁ་ཤས་SDK APIསོགས་ཀྱི་རྣམ་པའི་སྒོ་ནས་སྦྲེལ་མཐུད་བྱེད་སྲིད། ཁྱེད་ཀྱིས་ཐོན་རྫས་དང་ཞབས་ཞུ་འདི་དག་བེད་སྤྱོད་བྱེད་སྐབས། ཁྱེད་ཀྱི་ཆ་འཕྲིན་འཚོལ་སྡུད་བྱེད་ཀྱང་སྲིད།དེར་བརྟེན། ང་ཚོས་ཁྱེད་ལ་དུས་ཚོད་བཀོལ་ནས་ཕྱོགས་གསུམ་པའི་གསང་དོན་སྲིད་ཇུས་ལྟ་ཀློག་བྱེད་དགོས་པའི་བསམ་འཆར་དྲག་པོ་འདོན་བཞིན་ཡོད་དེ། ང་ཚོའི་གསང་དོན་སྲིད་ཇུས་ལྟ་ཀློག་བྱེད་པ་ནང་བཞིན་ནོ། ། ང་ཚོས་ཕྱོགས་གསུམ་པས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཕྱོགས་བསྡུས་བྱས་ཤིང་། ཇི་ལྟར་བཀོལ་སྤྱོད་བྱེད་རྒྱུར་འགན་འཁུར་མི་བྱེད་ཅིང་། དེའི་བེད་སྤྱོད་ལ་ཚོད་འཛིན་ཀྱང་བྱེད་མི་ཐུབ།ང་ཚོའི་གསང་དོན་སྲིད་ཇུས་ང་ཚོའི་ཞབས་ཞུའི་སྦྲེལ་ཐག་བརྒྱུད་པའི་དྲ་ཚིགས་གཞན་ལ་བེད་སྤྱོད་བྱེད་པར་མི་འཚམ།

དྲུག ང་ཚོའི་འབྲེལ་ལམ།

གལ་སྲིད་ཁྱེད་ལ་གསང་དོན་སྲིད་ཇུས་འདིའི་ཐད་བསམ་འཆར་དང་གནད་དོན་ཅི་ཞིག་ཡོད་པ་དང་། ཡང་ན་ཞའོ་མཱི་ཡིས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཕྱོགས་བསྡུས་དང་བེད་སྤྱོད། དེ་མིན་ཡོངས་བསྒྲགས་སྐོར་ནས་གནད་དོན་གང་ཡོད་རུང་། སྐུ་ཉིད་ཀྱིས་འོག་གི་ས་གནས་སམ་ https://privacy.mi.com/support ལ་ལྟ་སྤྱོད་བྱས་ནས་བརྒྱུད་དེ་ང་ཚོར་འབྲེལ་བ་གནང་བ་དང་། “གསང་དོན་སྲིད་ཇུས”ཞེས་པ་བརྗོད་དགོས། ང་ཚོར་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་དང་འབྲེལ་བའི་འབྲེལ་ཡོད་དབང་ཆའི་རེ་ཞུ་དང་། གནད་དོན་བློ་འདྲི་སོགས་འབྱོར་སྐབས། ང་ཚོར་ཁྱེད་ཀྱི་གནད་དོན་ཐག་གཅོད་བྱེད་མཁན་ལ་ཆེད་ལས་ཀྱི་ཚོགས་པ་ཡོད། གལ་སྲིད་ཁྱེད་ཀྱི་གནད་དོན་རང་ངོས་སུ་ཅུང་གལ་ཆེ་བའི་དོན་ཚན་ལ་འབྲེལ་བ་ཡོད་ན། ང་ཚོས་ཁྱེད་ལ་དེ་ལས་མང་བའི་ཆ་འཕྲིན་མཁོ་འདོན་བྱེད་པའི་བླང་བྱ་འདོན་ཀྱང་སྲིད་པ་རེད། གལ་སྲིད་ཁྱེད་རང་འབྱོར་ལན་དེར་ཡིད་མ་ཚིམ་ན། ཁྲིམས་འཛིན་ཁོངས་གཏོགས་ཁུལ་གྱི་འབྲེལ་ཡོད་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཞུ་གཏུག་རྩིས་སྤྲོད་བྱས་ཆོག གལ་སྲིད་ཁྱེད་ཀྱིས་ང་ཚོར་བློ་འདྲི་བྱས་ན། ང་ཚོས་ཁྱེད་ཀྱི་དོན་དངོས་གནས་ཚུལ་ལ་གཞིར་ནས་སྦྱོད་འཐུས་ཀྱི་འབྲེལ་ཡོད་ཞུ་གཏུག་ཐབས་ལམ་གྱི་ཆ་འཕྲིན་མཁོ་འདོན་བྱས་ཆོག

འབྲེལ་གཏུག་ས་གནས། པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཁུལ་ཞི་ཨར་ཆི་དཀྱིལ་ལམ་གྱི་ཁང་བརྩེགས33གི་ཁང་པ་6པའི་8ཐོག་གི་སྒོ་རྟགས018ཡིན།

སྦྲག་སྲིད་ཨང་གྲངས། 100085